མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འཇོལ་རྫོང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྤེལ་གཏིང་ཟབ་ཏུ་བཏང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-02-22 10:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྔ་ལོའི་ཚུན་དུ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་སྒྲིག་ཁྲིམས་ཨུའི་ལྟ་ཞིབ་ལས་ཁུངས་ཀྱིས་ནན་ཏིག་གིས་ཏང་སྲོལ་སྲིད་གཙང་འཛུགས་སྤེལ་ལ་ཤུགས་རྒྱག་སྟེ། རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་མགྱོ གས་ཤིང་ཡག་པའི་སྒོ་ནས་འཕེལ་རྒྱས་ཕྱིན་པ་དང་། སྤྱི་ཚོགས་ཀྱི་འཆམ་མཐུན་ལ་སྐུལ་སྤེལ་གཏོང་བར་གོ་ཆོད་ངེས་ཀྱི་ཆབ་སྲིད་དང་སྒྲིག་ཁྲིམས་ཀྱི་རྒྱབ་རྩ་བྱས་པ་རེད།

ཕྱོགས་ཡོངས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྤེལ་གྱི་འགན་འཁྲིའི་ལམ་ལུགས་གཏིང་ཟབ་ཏུ་བཏང་བ། གོམ་གང་མདུན་སྤོས་ཀྱིས་ཏང་སྲོལ་སྲིད་གཙང་གི་གྲངས་བཅད་དཔྱད་ཞིབ་ཀྱི་འགན་འཁྲིའི་ཡི་གེའི་ནང་དོན་དང་དཔྱད་ཞིབ་བྱ་ཡུལ་ཇེ་ཡག་ཏུ་བཏང་བ། སྔར་ཡོད་ཀྱི་ནང་དོན45ནས་ནང་དོན24རུ་འཕྲི་བ་དང་། ཞིབ་དཔྱད་བྱ་ཡུལ་སྔར་ཡོད་ཀྱི4ནས5རུ་སྣོན་ནས། ཏང་སྲོལ་སྲིད་གཙང་གི་གྲངས་བཅད་དེར་ལས་ཆོད་དང་སྤྱོད་འཐུས་རང་བཞིན་ལྡན་པར་བྱས་ཡོད།

ལམ་ལུགས་འཛུགས་སྤེལ་བྱེད་པ་ནས་འགོ་བརྩམས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྤེལ་ལ་སྐུལ་སྤེལ་བཏང་བ། 《གོམ་གང་མདུན་སྤོས་ཀྱིས་སྲིད་གཙང་གི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་པའི་ལག་བསྟར་འཆར་ཡིག་སྐོར་གྱི་བརྡ་ཐོ》དང་། 《ཏང་གི་སྒྲིག་ཁྲིམས་ཇེ་བཙན་དུ་བཏང་ནས་ནན་ཏིག་གིས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་བརྟན་ལྷིང་གནས་བབ་ལ་འགན་སྲུང་བྱེད་པའི་བརྡ་ཐོ》《རྫོང་རིམ་པའི་འགོ་ཁྲིད་ཀྱིས་སྤྱོད་ཚུལ་འཛུགས་སྤེལ་ལ་ཤུགས་རྒྱག་ནས་མང་ཚོགས་དང་འབྲེལ་བ་ཟབ་པོ་བྱེད་པའི་ལག་བསྟར་བྱ་ཐབས》《འཇོལ་རྫོང་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་ཏང་དོན་སྤྱི་བསྒྲགས་ལས་ཀའི་ལག་བསྟར་བསམ་འཆར》བཅས་གཏན་འབེབས་བྱས་ནས་འགྲེམ་སྤེལ་བཏང་བ་རེད།

རྫོང་ཡོངས་ཀྱི་ཤང6དང་གྲོང་རྡལ2 སྲིད་འཛིན་གྲོང་སྡེ42ཀྱི་ཞིང་གྲོང་གི་གཞི་རིམ་ལས་བྱེད་པར་རུལ་རྒོལ་གཙང་སྤེལ་སློབ་གསོའི་གསོ་སྦྱོང་ཐེངས82བྱས་པ་དང་། མི་ཐེངས1895ལ་ཟིན། ཞིང་གྲོང་གི་གཞི་རིམ་ལས་བྱེད་པར་བསྐོ་བཞག་སྔར་གྱི་སྲིད་གཙང་གླེང་མོལ་མི162བྱས། ཞིང་གྲོང་གི་གཞི་རིམ་ལས་བྱེད་པའི་ལསའགན་སྒྲུབ་ཚུལ་དང་སྲིད་གཙང་སྤེལ་ཚུལ་གསལ་བྱེད་མི117ཡོད། གྲོང་མིས་ལས་བྱེད་པར་དཔྱད་བརྗོད་བྱེད་པའི་མི་གྲངས1752ཡོད། ཞིང་གྲོང་གི་གཞི་རིམ་ལས་བྱེད་པའི་ལས་གནས་སུ་ཡོད་སྐབས་དང་ལས་གནས་དང་བྲལ་སྐབས་ཀྱི་དཔལ་འབྱོར་འགན་འཁྲིའི་རྩིས་ཞུས་བྱེད་མི124ཡོད། ཤང་དང་གྲོང་རྡལ5ལ་དམངས་བདེ་ཞབས་ཞུའི་སྡེ་ཁག་བཙུགས་པ་དང་། གྲོང་སྡེ42ལ་སྲིད་འཛིན་གྲོང་སྡེའི་རྩིས་པས་ལས་ཚབ་བྱས་ནས་ཞབས་ཞུ་བྱས་པ། རྫོང་ཡོངས་ཀྱི་ཤང6དང་གྲོང་རྡལ2ཀྱི་འགོ་ཁྲིད་ལས་བྱེད་པ་མི123དང་གྲོང་སྡེའི་འགོ་ཁྲིད142ཀྱིས་འབྲེལ་ཡོད་གཏན་འབེབས་དང་གཞིགས་ནས་དཔྱད་ཞིབ་བཏང་བ་རེད། སྒྲིག་ཁྲིམས་ཨུའི་འགན་ཁུར་བས་འོག་རིམ་གྱི་ཏང་སྲིད་ཀྱི་འགན་ཁུར་བ་གཙོ་བོ་དང་གླེང་མོལ་མི་ཐེངས150བྱས། ཞིང་གྲོང་གི་གཞི་རིམ་ལས་བྱེད་པ་དང་བསྐོ་བཞག་སྔར་གྱི་སྲིད་གཙང་གླེང་མོལ་མི་ཐེངས162བྱས། སྲིད་གཙང་དང་བཙན་ཤུགས་གཉིས་ལྡན་གྱི་གླེང་མོས་མི་ཐེངས117བྱས་པ་རེད།

《འཇོལ་རྫོང་གི་གཞི་རིམ་ལ་ཞབས་ཞུ་བྱེད་པའི་རྣམ་གྲངས་ཀྱི་ལོ་ཧྲིལ་པོའི་སྤྱོད་སྲོལ་བསྒྱུར་བཅོས་དང་བྱ་འགུལ་འཆར་གཞིའི་བརྡ་ཐོ》གཏན་འབེབས་བྱས་ཐོག གཏན་འབེབས་བརྒྱད་དང་། ཞིང་ཆེན་དང་ཁུལ། རྫོང་ཨུའི《ལག་བསྟར་བྱ་ཐབས》དང་འཇོལ་རྫོང་གི《གོམ་གང་མདུན་སྤོས་ཀྱིས་ཏང་སྲིད་ལས་བྱེད་འགོ་ཁྲིད་དང་ལས་བྱེད་པས་སྲིད་འཛིན་རྩ་དོན་ཚད་ལྡན་དུ་གཏོང་བ》དག་སྤྱོད་ཚུལ་བསྒྱུར་བའི་ཞིབ་བཤེར་བྱ་ཡུལ་གཙོ་བོར་བཞག་ནས། ལས་བྲལ་ལས་བྱེད་པ་2ཀྱི་ཁྲིམས་འགལ་གྱིས་མགྲོན་འབོད་གསོལ་སྟོན་གཤམ་པའི་སྤྱོད་པར་ཆད་པ་རྒྱག་པ་དང་། ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོའི་ལས་བྱེད་པས་ལས་གྲྭ་ཚོགས་པ་དང་གྲོལ་བའི་གནས་ཚུལ་དང་། གཞུང་སྤྱོད་རླངས་འཁོར་བེད་སྤྱོད་གནས་ཚུལ་བཅས་ཀྱི་དོ་དམ་གནས་ཚུལ་ལ་ཤུགས་རྒྱག་པ། སྒྲིག་ཁྲིམས་ཨུའི་བཟོ་ཚོགས་ཀྱིས་སྣེ་ཁྲིད་པ་དང་། རྫོང་སྒྲིག་ཁྲིམས་ཨུའི་འགོ་ཁྲིད་གཙོ་བོས་ནང་ཞུགས་ནས། སྡེ་ཁག་གི་འགོ་ཁྲིད་ཀྱི་སྤྱོད་ཚུལ་བསྒྱུར་བ་ཞེས་པའི་གླེང་མོས་བྱས་ཐེངས38དང་མི་ཐེངས88ལ་ཟིན།

འཇོལ་རྫོང་གིས་ད་དུང་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་ལས་བྱེད་པ་དང་འགོ་ཁྲིད་ཀྱི་སྤྱོད་ཚུལ་ཁག་ལ་ཞིབ་དཔྱད་བཏང་ནས། ལས་ཁུངས32ཀྱི་ཁྲིམས་འགལ་མི་སྣ51དང་ཉེན་བརྡའི་གླེང་མོལ་བྱས་པ་པས་ལས་ཀའི་སྤྱོད་ཚུལ་ལ་བསྒྱུར་བཅོས་འབྲས་བུ་མངོན་གསལ་ཐོན་པ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག