མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུང་ཨན་ཉེན་སྲུང་ཀུང་སིས་རྡོ་མཁར་རྫོང་གི་ཉེན་སྲུང་ཉོས་པའི་དུད་ཚང་ལ་སྐྱིན་ཚབ་སྤྲོད་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-02-22 10:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྡོ་མཁར་རྫོང་གི་མེ་སྐྱོན་ཐེབས་པའི་དུད་ཚང་ཀྲང་ཀྲི་མིང་གི་ལག་ཏུ་ཉེན་སྲུང་སྐྱིན་དངུལ་སྒོར་ཁྲི43འབྱོར་རྗེས། ཁོའི་སར་འཚམས་འདྲི་ཡོང་བའི་ཡུང་ཨན་ཉེན་སྲུང་ཀུང་སིའི་འགན་ཁུར་བར་སྐྱིན་དངུལ་དེ་ཡོད་པས་ཁྱིམ་གཞིས་བསྐྱར་བསྐྲུན་བྱེད་པའི་ཡིད་ཆེས་ཀྱང་བརྟན་པོ་ཡོད། སྔར་ཁང་པར་ཉེན་སྲུང་ཉོ་སྐབས་དགོས་མེད་དུ་སྣང་ཡང་ཐེངས་འདིར་མེ་སྐྱོན་བྱུང་རྗེས་ད་གཟོད་ཁང་པའི་ཉེན་སྲུང་གི་དགོས་དོན་ལ་ངེས་ཤེས་ཟབ་མོ་བྱུང་། ཡུང་ཨན་ཉེན་སྲུང་ཀུང་སིས་གན་རྒྱ་ལྟར་དུས་ཐོག་ཏུ་ང་ཚོར་གྱོང་ཁ་ཤོར་བའི་ཁང་ཁོངས་གཏའ་མ་བཞག་པའི་དངུལ་བུན་སྤྲོད་སོང་བས་ནན་ཏིག་གིས་ངའི་དངུལ་བུན་འཇལ་བའི་ཁུར་བོ་ཇེ་ཡང་དུ་བཏང་སོང་ཞེས་བཤད་པ་རེད།

2014ལོའི་ཟླ1པོའི་ཚེས11ཉིན། སེམས་ཀྱི་ཉི་ཟླ་རྫོང་རྡོ་མཁར་རྫོང་དུ་མེ་སྐྱོན་བྱུང་བས། ཡུང་ཨན་ཉེན་སྲུང་མ་རྐང་ཚད་ཡོད་ཀུང་སིའི་བདེ་ཆེན་ལྟེ་གནས་ཡན་ལག་ཀུང་སིས་དུས་ཐོག་ཏུ་འཚུབ་བསྟུན་བྱ་ཐབས་འདོན་ནས། འཚུབ་བསྟུན་ལས་ཀའི་ཚོགས་ཆུང་བཙུགས་ཏེ། མེ་སྐྱོན་བྱུང་རྗེས་ཀྱི་དཔྱད་ཞིབ་ལ་བྲེལ་བ་དང་། དངུལ་ཁང་དང་ལྷན་དུ་གནོད་སྐྱོན་ཐེབས་པའི་དུད་ཚང་གི་ཆ་འཕྲིན་དཔྱད་བསྡུར་བྱས་པ་དང་ཧུར་ཐག་གིས་གནོད་སྐྱོན་བྱུང་བའི་དུད་ཚང་དང་འབྲེལ་བ་བྱས་ནས་ཉེན་སྲུང་སྐྱིན་ཚབ་སྤྲོད་པའི་འབྲེལ་ཡོད་ལས་ཀ་འཕྲལ་དུ་བསྒྲུབས་པ་རེད། ཟླ1པོའི་ཚེས13ཉིན། བདེ་ཆེན་ལྟེ་གནས་ཡན་ལག་ཀུང་སིའི་འགན་ཁུར་བ་དང་ཉེན་སྲུང་ཉོས་མཁན་ཀྲང་ཀྲི་མིང་དང་། གནའ་གྲོང་གི་དོ་དམ་ཨུ་ལྷན་གྱིས་མཉམ་དུ་ཚང་ཧྥང་སྲང་ལམ་དུ་ཁང་པ་མེས་བསྲེགས་པའི་གནས་ཚུལ་ལྟ་ཞིབ་བྱས། ལྟ་ཞིབ་བྱས་མཐར་ཡང་ལི་ཀྲིའི་ཁང་པ་ནི་སྐྱིན་ཚབ་སྤྲོད་འོས་ཀྱི་ཁང་པ་ཡིན་པ་མཐོང་བ་སྟེ། ཡང་ཀྲི་མིང་གིས་ཡང་ལི་ཀྲིའི་ཁང་པ་གཏའ་མར་བཞག་ནས་ཞིང་ལས་དངུལ་ཁང་བདེ་ཆེན་ཁུལ་ཡན་ལག་དངུལ་ཁང་གི་ཁམས་པའི་ཚོང་རར་དངུལ་བུན་ལེན་པའི་གཏའ་མའི་རྒྱུ་ནོར་ཡིན། རྩད་ཞིབ་བྱས་མཐར། ཉེན་སྲུང་འགན་ཁུར་འོས་པ་ཡིན་ཕྱིན། ཁང་པ་དེར་དངུལ་ཁང་དུ་གཏའ་མའི་རིན་ཐང་སྒོར430000ཡོད་པར་གཏན་འཁེལ་བྱས། བདེ་ཆེན་ལྟེ་གནས་ཡན་ལག་ཀུང་སིས་འཕྲལ་དུ་ཞིང་ཆེན་ཀུང་སི་དང་་སྤྱི་ཁྱབ་ཀུང་སིར་རྩད་ཞིབ་གནས་ཚུལ་ཡར་ཞུས་པ་རེད། ཞིང་ཆེན་ཀུང་སི་དང་སྤྱི་ཁྱབ་ཀུང་སིས་མོས་མཐུན་བྱས་རྗེས། ཟླ1པོའི་ཚེས23ཉིན་ལ་སྐྱིན་དངུལ་སྒོར་ཁྲི43དུས་ཐོག་ཏུ་དུད་ཚང་གིས་དངུལ་བུན་ལེན་པའི་དངུལ་ཁང་གི་དངུལ་ཐོར་བསྐུར་བ་རེད། ཀྲང་ཀྲི་མིང་གིས། མེ་སྐྱོན་བྱུང་རྗེས་ད་གཟོད་མི་ལུས་དང་རྒྱུ་ནོར་ལ་ཉེན་སྲུང་ཉོས་པའི་དགོས་པར་ངེས་ཤེས་ཟབ་མོ་བྱུང་། དེང་ཕྱིན་མེ་འགོག་འདུ་ཤེས་ཇེ་མཐོར་གཏོང་དགོས་པ་མ་ཟད། ཉེན་སྲུང་འདུ་ཤེས་ཀྱང་ཇེ་མཐོར་བཏང་ནས། མི་སྲོག་དང་རྒྱུ་ནོར་དག་ལ་གནོད་སྐྱོན་ཕོག་ཚེ་ཁག་ཐེག་གོ་ཆོད་ཡོད་པར་བྱ་དགོས་ཤེས་བཤད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག