མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་སྡེ་ཁུལ་ཡོ་བསྲང་དོ་དམ་ལ་བདག་གཉེར་ཚོད་འཛིན་བྱེད་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-02-22 10:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ནན་ཏན་གྱིས་ཁྲིམས་ཁུར་དུས་ཚད་ཐིམ་ནས་གློད་འགྲོལ་བའི་མི་སྣའི་སྣེ་མཐུད་དོ་དམ་ཚོད་འཛིན་ལས་ཀ་ཡག་པོ་བསྒྲུབས་ཏེ། ཧུར་ཐག་གིས་ཁྲིམས་ཁུར་དུས་ཚད་ཐིམ་ནས་གློད་འགྲོལ་བའི་མི་སྣས་ལས་ཞུགས་བྱེད་པར་རོགས་སྐྱོར་དང་སྣེ་ཁྲིད་བྱས་པ་རེད། 2013ལོར། ཁྱོན་བསྡོམས་བཙོན་གྲོལ་མི་སྣ200སྣེ་ལེན་བྱས་པ་ལས། སྡེ་ཁུལ་ཡོ་བསྲང་དུ་མི120བསྡུས་པ་དང་། བཙོན་ཁང་དུ་ཁྲིམས་ཁུར་དུས་ཚད་ཐིམ་ནས་གློད་འགྲོལ་བཏང་བའི་དུས་ཚད་འདང་བའི་མི80ཡོད།

རང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གིས་ཧུར་ཐག་གིས་མཐུན་སྦྱོར་བྱས་པ་དང་ཆ་རྐྱེན་གང་ཡག་བསྐྲུན་ནས། ཁྲིམས་ཁུར་དུས་ཚད་ཐིམ་ནས་གློད་འགྲོལ་བའི་མི་སྣའི་ཆེས་དམའི་འཚོ་བའི་འགན་སྲུང་དང་འགན་འཁྲིའི་ས་ཞིང་ལག་བསྟར་བྱས་ནས།ཁྲིམས་ཁུར་དུས་ཚད་ཐིམ་ནས་གློད་འགྲོལ་བའི་མི་སྣས་བདེ་བླག་ངང་སྤྱི་ཚོགས་ཐོག་ཏུ་ཞུགས་པར་རོགས་སྐྱོར་བྱས་པ་རེད།

རང་ཁུལ་གྱིས་སྡེ་ཁུལ་ཡོ་བསྲང་ལས་ཀའི་སྒྲིག་གཞི་དང་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། ཞིང་ཆེན་ཁྲིམས་འཛིན་ཐིང་གི་ཆེད་མཁས་གདན་འདྲེན་ཞུས་ཏེ་རང་ཁུལ་གྱི་སྡེ་ཁུལ་ཡོ་བསྲང་ལས་ཀའི་ལས་བྱེད་པ་ཁ་ཤས་ལ《སྡེ་ཁུལ་ཡོ་བསྲང་ལས་ཀའི་ལག་བསྟར་བྱ་ཐབས》དང་། 《ཡུན་ནན་ཞིང་ཆེན་སྡེ་ཁུལ་ཡོ་བསྲང་ལས་ཀའི་ལག་བསྟར་སྲོལ་ཞིབ》 སྡེ་ཁུལ་ཡོ་བསྲང་ལས་ཀའི་འགུལ་སྐྱོད་ཚོད་འཛིན་དོ་དམ་མ་ལག་གི་འཁོར་སྤྱོད་བྱེད་སྟངས་བཅས་གསོ་སྦྱོང་བྱས་པ་རེད། ལོ་ནང་དུ་ཁུལ་ཁྲིམས་འཛིན་ཅུས་ཀྱིས་ཞིབ་དཔྱོད་ལས་ཁུངས་དང་མཉམ་དུ་རྫོང་སོ་སོ་དང་། ཆུས་སུ་ཁྲིམས་འཛིན་ཞིབ་བཤེར་བྱས་ནས། དུས་ཐོག་ཏུ་ད་ཡོད་ཀྱི་གནས་ཚུལ་དང་གནད་དོན་དག་ཐག་གཅོད་བྱས་ནས། དོ་དམ་མི་འདང་བའི་སྟོང་ས་མེད་པར་བྱས། ཁུལ་ཡོངས་སུ་རིམ་བསགས་ཀྱིས་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་མི1030བསྡུས་པ་དང་། རིམ་བསགས་ཀྱིས་མི572ཕྱིར་གཏོང་བ། ཐོ་ཐོག་ཡོད་པའི་ཡོ་བསྲང་མི་སྣ458ཡོད་པ་ལས། ཁྲིམས་ཆད་ཕྱིར་འགྱངས་མི་གྲངས397དང་། ཚོད་བགམ་གློད་འགྲོལ་མི་གྲངས24 བཙོན་ཁང་ཕྱིར་ཁྲིམས་ཆད་ལག་བསྟར་བྱེད་མི37ཡོད། སྡེ་ཁུལ་ཡོ་བསྲང་གི་ལྟ་ཞིབ་ཚོད་བགམ་བསམ་འཆར་ཡི་གེ32འདོན་པ་དང་། མི་ཐེངས30ལ་ཉེན་བརྡ་སྤྲོད་པ་རེད། སྡེ་ཁུལ་ཡོ་བསྲང་མི་སྣའི་བསྐྱར་དུ་ནག་ཉེས་བྱུང་མཁན་མི1ཡོད་པ་དང་། ཁྲིམས་ཆད་ཡང་དུ་གཏོང་མི1 སྡོད་གནས་ཐེངས20བརྗེ་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག