མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཤར་དཀར་གངས་རིའི་སྐྱེ་ཁམས་ཐོན་ཁུངས་ལ་སྲུང་སྐྱོང་ལེགས་པོ་ཐོབ་ཡོད་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-02-22 10:48

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  2013ལོར། ཡུན་ནན་ཞིང་ཆེན་ཤར་དཀར་གངས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་མཉམ་ལས་བྱས་ཏེ།  ནགས་ལས་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱས་པ་དང་།  མེ་འགོག་འགན་ཁུར་ལག་བསྟར་བྱས་པ་བརྒྱུད། སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཐོན་ཁུངས་ལ་སྲུང་སྐྱོང་ལེགས་པོ་ཐོབ།

 དོ་དམ་ཅུའུ་འདིས་ནགས་ཚལ་སྤྱི་བདེ་དང་ནགས་ལས་སྡེ་ཁག་དང་མཐུན་སྦྱོར་མཉམ་ལས་བྱེད་པར་ཤུགས་སྣོན་ནས།  ནགས་ལས་ཐད་ཀྱི་ཁྲིམས་འཛིན་བྱ་བར་གོ་རིམ་ཡོད་པ་དང་ཚད་ལྡན་ཡིན་པ།  ཚན་རིག་རང་བཞིན་ལྡན་པར་སྐུལ་འདེད་བྱས་པ་དང་།  ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱས། 2013ལོར་ནགས་ལས་ཐད་ཀྱི་གྱོད་དོན42བྱུང་ཞིང་།  གྱོད་དོན་ཐག་གཅོད་བྱེད་ཚད100%ལ་ཟིན་ཡོད། 

ལོ་ཡོངས་སུ་རི་སྐྱེས་སྲོག་ཆགས་ཐད་ཀྱི་ནག་ཉེས162བྱུང་བ་དང་།  དཔལ་འབྱོར་གྱོང་གུན་སྒོར་ཁྲི360580ཐེབས།  དོ་དམ་ཅུའུ་ཡིས་རི་སྐྱེས་སྲོག་ཆགས་ཀྱི་ནག་ཉེས་ཞིབ་བཤེར་དང་། སྐྱིན་ཚབ་འཇལ་བའི་བྱ་བ་ལེགས་པ་སྒྲུབ་ཏེ།  གྱོད་དོན་རེར་ཡུལ་དངོས་ནས་ཞིབ་བཤེར་ནན་མོ་བྱས་པ་དང་།  དུས་ལྟར་ཉེན་བཅོལ་ཀུང་ཟི་དང་མཐུན་སྦྱོར་བྱས་པ་བརྒྱུད།  སྲུང་སྐྱོང་ཁུལ་གྱི་འཆམ་མཐུན་བདེ་འཇགས་ལ་འགན་སྲུང་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག