མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་ཤེས་རིག་ཐོན་དབང་གི་དོ་དམ་ལ་ཤུགས་རྒྱག་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།  2014-02-20 10:28

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2013ལོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་ཤེས་རིག་ཐོན་དབང་གི་དོ་དམ་ལ་ཤུགས་སྣོན་རྒྱག་སྟེ། རྫོང་ཡོངས་ཀྱི་ཤེས་རིག་གི་ཐོན་དབང་ལས་ཀ་འོས་ཤིང་འཚམ་པའི་སྒོ་ནས་འཕེལ་རྒྱས་གཏོང་བ་རེད།

སེམས་ཀྱི་ཉི་ཟླ་རྫོང་གིས་ཁུལ་ཤེས་རིག་ཐོན་དབང་ཅུས་དང་མཉམ་དུ་ནན་ཏན་གྱིས་ཤེས་རིག་ཐོན་དབང་གི་རིག་གནས་གསོ་སྐྱོང་བྱས་པ་དང་། སྤྱི་ཚོགས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་ཤེས་རིག་ཐོན་དབང་གི་དྲིལ་བསྒྲགས་གཟའ་འཁོར་རྩ་འཛུགས་བྱས་པ། ཞིང་ལས་ཚན་རྩལ་ཅུས་ཀྱིས་བཟོ་ཚོང་དང་། ལག་རྩལ་ལྟ་སྐུལ། རིག་གནས། དྲིལ་བསྒྲགས། སྤྱི་བདེ་བཅས་ཀྱི་སྡེ་ཁག་དང་ལྷན་དུ་རྫོང་ཁོངས་ནང་དུ་དྲིལ་བསྒྲགས་བྱ་འགུལ་སྤེལ་བ་དང་། དྲིལ་བསྒྲགས་བྱ་འགུལ་ཁྲོད་དུ་དྲིལ་བསྒྲགས་ཤོག་བྱང་སྦྱར་བ་དང་། དྲིལ་བསྒྲགས་འདྲི་རྟོག་ཞབས་ཞུ་བྱས་པ། དྲིལ་བསྒྲགས་པར་རིས་འགེལ་པ། ཁྲིམས་འགལ་ཚོང་རྟགས་བཤམ་པ་དང་། ཚོང་ཟོག་རྫུན་མ་དང་སྤུས་ཞན་བཤམས་ནས། གསར་འགྱུར་ལས་ཁུངས་གདན་འདྲེན་ཞུས་ནས་དྲིལ་བསྒྲགས་བྱས་ཏེ་ཤེས་རིག་ཐོན་དབང་སྐོར་གྱི་རྒྱུན་ཤེས་དང་དྲིལ་བསྒྲགས་བྱ་འགུལ་གྱི་ནང་དོན་དག་དྲིལ་བསྒྲགས་གཏོང་ཞིང་། དྲིལ་བསྒྲགས་རྒྱུ་ཆ་1000ལྷག་བཀྲམ་པ་རེད།

དུས་མཚུངས་སུ། སེམས་ཀྱི་ཉི་ཟླ་རྫོང་གིས་ནན་ཏན་གྱིས་ཁེ་ལས་ལ་རྩ་འཛུགས་བྱས་ནས་ཆེད་ཁེའི་ཡིག་ཐོག་སྙན་ཞུ་ལས་ཀ་བསྒྲུབས་ནས། དུས་ཐོག་ཏུ་ཁེ་ལས་ཁག་ཏུ་ཆེད་ཁེའི་ཡིག་ཐོག་སྙན་ཞུའི་སྲིད་ཇུས་དང་། ཡིག་ཐོག་སྙན་ཞུའི་གོ་རིམ་དྲིལ་བསྒྲགས་བྱས་ནས། ཁེ་ལས་ཀྱིས་ཆེད་ཁེའི་ཡིག་ཐོག་སྙན་ཞུ་བྱེད་པར་རོགས་རམ་བྱས་པ་དང་། ཆེད་ཁེའི་ཡིག་ཐོག་སྙན་ཞུ་ལས་ཀ་དེ་ཚན་རྩལ་གསར་གཏོད་དང་། ཁེ་ལས་ཀྱི་ཐོན་སྐྱེད་གོ་རིམ་ཁག་ཏུ་ཚུད་པ་རེད། ཆེད་ཁེའི་ཡིག་ཐོག་སྙན་ཞུ་བྱས་པར་བརྟེན་ནས་ཁེ་ལས་ཀྱི་ཁྲོམ་རའི་ཚོང་འགྲན་གྱི་ནུས་ཤུགས་ཇེ་མཐོར་གཏོང་ཡོད། 2013ལོར། རྫོང་ཡོངས་སུ་ཁྱོན་བསྡོམས་ཆེད་ཁེའི་ཡིག་ཐོག་སྙན་ཞུ19རྩ་འཛུགས་བྱས་པ་དང་། ཆེད་ཁེ18ཡིག་ཐོག་སྙན་ཞུ་བྱས་ནས་ཁས་ལེན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག