མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་གྲོང་ཁྱེར་ལྗང་བསྒྱུར་དང་རི་ངོས་བཅོས་སྐྱོང་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-02-20 10:28

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས13ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་སྲིད་གཞུང་གིས་རྩ་འཛུགས་བྱས་ཏེ་ཁུལ་ཡོངས་ཀྱི་གྲོང་ཁྱེར་ལྗང་བསྒྱུར་དང་རི་ངོས་བཅོས་སྐྱོང་བྱེད་པའི་ལས་ཀའི་གྲོས་ཚོགས་འཚོགས་པ་དང་། ཁུལ་དཔོན་ཧོང་ཀྲེང་ཧུང་ཚོགས་འདུར་ཞུགས་པ་མ་ཟད། “ཟུང་འབྲེལ་བརྒྱད”འབུར་དུ་ཐོན་པར་བྱས་ནས། གྲོང་ཁྱེར་ལྗང་བསྒྱུར་དང་རི་ངོས་བཅོས་སྐྱོང་བྱེད་པའི་ལས་ཀར་དོན་དངོས་ཀྱི་ཕན་འབྲས་ཐོབ་པར་བརྩོན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཧོང་ཀྲེང་ཧུང་གིས་ཉེ་བའི་ལོ་འགའི་རིང་ལ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྐྱེ་ཁམས་ཡག་པའི་དགེ་མཚན་ལ་རྐང་ཚུགས་ནས། “སྐྱེ་ཁམས་བདེ་ཆེན”འཛུགས་སྐྲུན་བྱེད་པའི་སྤྱིའི་དམིགས་འབེན་དང་ཟུང་འབྲེལ་བྱས་ཡོད། “གྲོང་ཁྱེར་སྐྱེད་ཚལ་ཅན་དང་། བགྲོད་ལམ་ལྗོན་གྲིབ་ཅན། གྲོང་ཁྱེར་གྱི་ཉེ་འཁོར་ནགས་ཚལ་ཅན། ཁྱམས་ར་མེ་ཏོག་ར་བ་ཅན”དུ་གཏོང་བའི་བླང་བྱ་ལྟར། འགོ་ཁྲིད་ཀྱི་རྩ་འཛུགས་ཇེ་དྲག་ཏུ་བཏང་བ་དང་། འགན་འཁྲིའི་དམིགས་འབེན་ཇེ་གསལ་དུ་བཏང་བ། ལས་ཀའི་བྱ་ཐབས་ཇེ་ཞིབ་ཏུ་བཏང་ནས། ཤུགས་ཡོངས་ཀྱིས“སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པའི”འཐབ་ཇུས་དོན་འཁྱོལ་བཏང་ཡོད་ལ། མགྱོ གས་མྱུར་གྱིས་ལྗང་མདོག་ཁྱིམ་གཞིས་འཛུགས་སྐྲུན་བྱས་ཡོད། སེམས་ཀྱི་ཉི་ཟླ་རྫོང་མཁར་དེ་ལྟེ་བར་བཟུང་ནས། འཇོལ་རྫོང་མཁར་དང་། འབའ་ལུང་རྫོང་མཁར། གསར་སྤེལ་ཆུས་དོ་དམ་ཨུ་ལྷན་གནས་ས་སོགས་གནད་ཆེ་སར་བཟུང་བའི་གྲོང་ཁྱེར་ལྗང་བསྒྱུར་དང་གྲོང་ཁྱེར་གྱི་རི་ངོས་བཅོས་སྐྱོང་བྱེད་པའི་ལས་ཀར་མངོན་གསལ་གྱི་གྲུབ་འབྲས་བླངས་ཡོད་ཅེས་བསྟན་པ་རེད། ཡིན་ནའང་གནད་དོན་མི་ཉུང་བ་ཞིག་དང་མི་འདང་སའང་ཡོད་དེ། གཅིག་ནི་འཛུགས་སྐྲུན་ལ་མཐོང་ཆེན་དང་དོ་དམ་ལ་མཐོང་ཆུང་བྱས་ཤིང་། དོ་དམ་གྱི་སྒྲིག་སྲོལ་འཐུས་ཚང་མིན་པ། དོ་དམ་དམིགས་སར་འབྱོར་ཐུབ་མེད། གཉིས་ནི་ཁུལ་ཡོངས་ཀྱི་གྲོང་ཁྱེར་ལྗང་བསྒྱུར་འཛུགས་སྐྲུན་བྱེད་ཕྱོགས་གང་འདོད་རང་བཞིན་གྱི་ལྟ་བ་ཆེ་བ་དང་། ཕན་འབྲས་མི་བཟང་བ། གསུམ་ནི་སྤྱིའི་བཀོད་སྒྲིག་ཚན་རིག་དང་མི་མཐུན་པ་དང་། ཁྱད་ཆོས་འབུར་དུ་ཐོན་མེད་པ། བཞི་ནི་ཐོན་ཁུངས་འཆར་འགོད་གཅིག་གྱུར་དང་ལེགས་སྒྲིག་བྱེད་པའི་ལས་ཀ་སྒྲུབ་པ་མི་བཟང་བ་དང་། ལྗང་བསྒྱུར་མྱུ་གུའི་རྟེན་གཞིའི་འཛུགས་སྐྲུན་དང་ལྗང་བསྒྱུར་ཤིང་སྡོང(མེ་ཏོག)གསོག་ཉར་དང་གྲ་སྒྲིག་བྱས་པ་རྗེས་ལུས་ཡིན་པ་བཅས་རེད།

ཧོང་ཀྲེང་ཧུང་གིས་གྲོང་ཁྱེར་ལྗང་བསྒྱུར་དང་རི་ངོས་བཅོས་སྐྱོང་བྱེད་པའི་ལས་ཀ་འབུར་དུ་ཐོན་པར་བྱས་ཏེ། འགོ་ཚུགས་ས་རྣལ་མ་ཞིག་བཙལ་ནས། “ཟུང་འབྲེལ་བརྒྱད”འབུར་དུ་ཐོན་དགོས་པའི་བླང་བྱ་བཏོན་པ་རེད། གཅིག་ནི་གྲོང་ཁྱེར་ལྗང་བསྒྱུར་འཛུགས་སྐྲུན་དང་བཙུགས་ཟིན་པའི་ས་གནས་ཀྱི་དོ་དམ་ལྟ་སྐྱོང་གཉིས་ཟུང་འབྲེལ་བྱེད་དགོས། གཉིས་ནི་གྲོང་ཁྱེར་ལྗང་བསྒྱུར་འཛུགས་སྐྲུན་དེ་ཚན་རིག་གི་འཆར་འགོད་དང་ཟུང་འབྲེལ་བྱེད་དགོས། གསུམ་ནི་གྲོང་ཁྱེར་ལྗང་བསྒྱུར་འཛུགས་སྐྲུན་དང་ཡུལ་སྐོར་རིག་གནས་ཐོན་ལས་གསོ་སྐྱོང་གཉིས་ཟུང་འབྲེལ་བྱེད་དགོས། བཞི་ནི་གྲོང་ཁྱེར་ལྗང་བསྒྱུར་འཛུགས་སྐྲུན་དང་ཞིང་ཆེན་གྱི་སྐབས་བཅུ་བའི་ཞིང་པའི་ལུས་རྩལ་འགུལ་སྐྱོད་ཚོགས་འདུ་ལེགས་པར་འཚོག་རྒྱུ་གཉིས་ཟུང་འབྲེལ་བྱེད་དགོས། ལྔ་ནི་གྲོང་ཁྱེར་ལྗང་བསྒྱུར་འཛུགས་སྐྲུན་དང་སྡོང་འཛུགས་ནགས་བཟོའི་བྱ་འགུལ་གཉིས་ཟུང་འབྲེལ་བྱེད་དགོས། དྲུག་ནི་གྲོང་ཁྱེར་ལྗང་བསྒྱུར་འཛུགས་སྐྲུན་དང་འབོར་ཐེངས་གསར་བའི་རྨོ་དོར་ནགས་འཛུགས་ལས་གྲྭ་གཉིས་ཟུང་འབྲེལ་བྱེད་དགོས། བདུན་ནི་གྲོང་ཁྱེར་ལྗང་བསྒྱུར་འཛུགས་སྐྲུན་དེ་གྲོང་ཁྱེར་དང་གྲོང་རྡལ་ཅན་མགྱོ གས་མྱུར་གྱིས་སྐུལ་སྤེལ་གཏོང་བ་དང་ཟུང་འབྲེལ་བྱེད་དགོས། བརྒྱད་ནི་གྲོང་ཁྱེར་ལྗང་བསྒྱུར་འཛུགས་སྐྲུན་དང་གོང་རིམ་ནས་མ་དངུལ་རྣམ་གྲངས་བརྩོན་ལེན་བྱེད་པ་དང་ཟུང་འབྲེལ་བྱེད་དགོས།

ཧོང་ཀྲེང་ཧུང་གིས་རིམ་པ་ཁག་གི་སྡེ་ཁག་སོ་སོས་ལས་ཀར་དམ་འཛིན་བྱས་ནས། ཚན་པ་ཁག་གི་འོས་འགན་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་བྱེད་དགོས་པའི་ནན་བཤད་བྱས་པ་རེད། གཅིག་ནི་འགོ་ཁྲིད་ཀྱི་རྩ་འཛུགས་དོན་ཐོག་ཏུ་འཁྱོལ་དགོས། རྫོང་གསུམ་དང་ཆུས་གཅིག ཁུལ་རིམ་པའི་སྡེ་ཁག་སོ་སོས་ལས་ཀ་འདི་ཉིན་རེའི་གྲོས་གཞི་གཙོ་བོའི་ནང་བཞག་སྟེ། འགོ་ཁྲིད་གཙོ་བོས་དངོས་སུ་དམ་འཛིན་བྱེད་པ་དང་། ཡན་ལག་དོ་དམ་བྱེད་པའི་འགོ་ཁྲིད་ཀྱིས་བྱེ་བྲག་ནས་དམ་འཛིན་བྱེད་དགོས། ཡན་ལག་དོ་དམ་བྱེད་མཁན་ཁུལ་དཔོན་གཞོན་པས་ཚོ་ཆུང་གི་འགོ་གཙོའི་འགན་བཞེས་པའི་གྲོང་ཁྱེར་གྱི་རི་ངོས་བཅོས་སྐྱོང་བྱེད་པའི་འགོ་ཁྲིད་ཚོ་ཆུང་དང་། གྲོང་ཁྱེར་ལྗང་བསྒྱུར་གསལ་བསྒྱུར་ལས་ཀའི་འགོ་ཁྲིད་ཚོ་ཆུང་བཙུགས་ནས། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། སྡེ་ཁག་གིས་འགན་འཁུར་བ། སྤྱི་ཚོགས་ཟབ་ཞུགས་བྱེད་པའི་ལས་ཀའི་རྣམ་པ་གསར་འཛུགས་བྱེད་དགོས། གཉིས་ནི་རོགས་ལས་མཉམ་སྒུལ་དོན་ཐོག་ཏུ་འཁྱོལ་དགོས། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་མཛེས་པའི་བདེ་ཆེན་འཛུགས་སྐྲུན་བྱེད་པའི་སྤྱིའི་འཆར་འགོད་ལ་དམིགས་ནས། ཕན་ཚུན་མཐུན་སྦྱོར་དང་རོགས་ལས། འབྲེལ་གཏུག་བྱེད་པའི་སྒྲིག་སྲོལ་བཙུགས་ནས་སྐབས་ཐོག་ཏུ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་སྤྱི་བསྒྲགས་བྱེད་དགོས། གསུམ་ནི་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་དོན་ཐོག་ཏུ་འཁྱོལ་དགོས། ལས་ཀ་སྐུལ་སྤེལ་གཏོང་བར་ནུས་ཡོད་ཀྱི་རྩ་འཛུགས་ཁག་ཐེག་བྱས་ནས། རིམ་པ་སོ་སོར་འགན་འཁྲིའི་ལམ་ལུགས་ཡོད་པ་དང་། དུས་སྐབས་སོ་སོར་དམ་འཛིན་བྱེད་མཁན་དང་དོ་དམ་བྱེད་མཁན་ཡོད་པར་ཁག་ཐེག་བྱེད་དགོས། གྲོང་ཁྱེར་ལྗང་བསྒྱུར་དང་རི་ངོས་བཅོས་སྐྱོང་བྱེད་པའི་ལས་ཀ་དེ་རྫོང་རིམ་པའི་སྡོད་ཁང་འཛུགས་སྐྲུན་དང་། རྒྱལ་ཁབ་ས་ཁོངས། ནགས་ལས། ཁོར་ཡུག་སྲུང་སྐྱོབ་སོགས་སྡེ་ཁག་གི་ཕྱོགས་བསྡུས་བཅོས་སྐྱོང་དམིགས་འབེན་དོ་དམ་མ་ལག་གི་གྲས་སུ་བཞག་སྟེ། “སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པའི”འཐབ་ཇུས་དོན་འཁྱོལ་གཏོང་བའི་རྩིས་བཤེར་གྱི་ནང་དོན་གཙོ་བོ་ཞིག་ཏུ་འཇོག་དགོས། འཛུགས་སྐྲུན་གྱི་གནས་ཚུལ་དང་། འཛུགས་སྐྲུན་བྱས་རྗེས་ཀྱི་དོ་དམ་སོགས་དམ་འཛིན་མཐའ་འཁྱོལ་བ་བྱེད་དགོས།

རྒྱུན་ལས་ཁུལ་དཔོན་གཞོན་པ་ཀྲང་ཀྲི་ཅུན་གྱིས་གྲོས་ཚོགས་གཙོ་སྐྱོང་མཛད་པ། ཁུལ་དཔོན་གཞོན་པ་ཚའེ་ཝུའུ་ཁྲེང་དང་། དབྱང་ཀྲེང་དབྱི་གཉིས་ཀྱིས་ལས་ཀའི་ཐད་བླང་བྱ་བཏོན་པ་རེད།

རྫོང་གསུམ་གྱི་མི་དམངས་སྲིད་གཞུང་དང་། གསར་སྤེལ་ཆུས་དོ་དམ་ཨུ་ལྷན་དང་ཁུལ་ནགས་ལས་ཅུས། སྡོད་ཁང་འཛུགས་སྐྲུན་ཅུས། འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན། བཟོ་ལས་ཆ་འཕྲིན་ཨུ་ལྷན། ནོར་སྲིད་ཅུས། ཁོར་ཡུག་སྲུང་སྐྱོབ་ཅུས། འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། ཡུལ་སྐོར་ཅུས། འཆར་འགོད་ཅུས། ནགས་ཚལ་སྤྱི་བདེ་ཅུས་སོགས་སྡེ་ཁག་གི་འགན་འཁུར་མི་སྣ་གྲོས་ཚོགས་སུ་ཞུགས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག