མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ད་ལོར་སེམས་ཀྱི་ཉི་ཟླ་རྫོང་གིས་འཕྲོད་བསྟེན་ལས་ཀའི་གནད་ཆེ་ས་ཁག་ལྔར་དམ་འཛིན་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-02-20 10:28

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2014ལོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་འཕྲོད་བསྟེན་ལས་ཀས་རྒྱུན་མཐུད་ནས“གཞི་རྩ་སྲུང་བ་དང་གཞི་རིམ་ལ་ཤུགས་སྣོན་རྒྱག་པ། ལམ་ལུགས་འཛུགས་པའི”བླང་བྱ་ལ་གཞིགས་ནས། སྒྲིག་གཞིའི་ལམ་ལུགས་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་འབུར་དུ་ཐོན་པ་དང་། དམངས་ཕན་གྱི་ཡང་དག་པའི་སྣེ་ཁྲིད་འབུར་དུ་ཐོན་ཏེ། རྫོང་ཡོངས་ཀྱི་འཕྲོད་བསྟེན་ལས་དོན་བདེ་བླག་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།

ད་ལོར། སེམས་ཀྱི་ཉི་ཟླ་རྫོང་གིས་འཕྲོད་བསྟེན་ལས་ཀ་ལ་སྔར་ལས་ལྷག་པར་གནད་ཆེའི་བསྒྱུར་བཅོས་དང་འབྲེལ་ཡོད་ཀྱི་མཁོ་ཆས་ཆ་ཚང་སྒྲིག་པའི་སྲིད་ཇུས་སྲ་བརྟན་དང་ཇེ་ཟབ་ཏུ་གཏོང་བ་དང་། ནན་ཏན་གྱིས་ཕུགས་ཕན་ལམ་ལུགས་འཛུགས་པ། དྲ་ཐོག་གཅིག་བསྡུས་ཀྱིས་ཉོ་སྒྲུབ་དང་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་གཞི་རིམ་དུ་ཕྱོགས་ཡོངས་ནས་ཁྱབ་པ་མངོན་དུ་འགྱུར་བ་བཅས་བྱེད་རྒྱུ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་འདེགས་མ་ལག་འཐུས་ཚང་དུ་གཏོང་བ་དང་སྡེ་ཁུལ་གྱི་འཕྲོད་བསྟེན་རུ་ཁག་འཛུགས་པར་ཤུགས་སྣོན་རྒྱག་རྒྱུ། རྫོང་དང་ཤང་། གྲོང་གསེབ་ཀྱིས་གཅིག་དྲིལ་དོ་དམ་ལ་བསྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་འདེགས་ཐོབ་པའི་མི་ཚོ་རྒྱ་ཆེ་རུ་སྐྱེད་པ། ཞབས་འདེགས་ཞུ་བའི་ནང་དོན་འཕར་སྣོན་རྒྱག་པ། ཞབས་འདེགས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ། ཚོད་ལྟ་བྱེད་སར་བསྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞུང་འཛུགས་སྨན་ཁང་བསྒྱུར་བཅོས་བྱེད་པའི་གཞི་རྩའི་ཐབས་ལམ་ཞིག་གྲུབ་པར་བརྩོན་ལེན་བྱེད་རྒྱུ། གང་མགྱོ གས་ཀྱིས་སྨན་བཅོས་ལས་ཁུངས་ཀྱི་གཞི་རྩའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ལ་སྐུལ་འདེད་གཏོང་རྒྱུ། ཧུར་ཐག་གིས་འཕྲོད་བསྟེན་གྱི་ལྟ་སྐུལ་དྲ་བ་ཅན་གྱིས་དོ་དམ་དོན་འཁྱོལ་བྱེད་པ་དང་། ཁྲིམས་ལྟར་སྣ་རིགས་སོ་སོའི་དུས་རྒྱུན་གྱི་འཕྲོད་བསྟེན་ཁྲིམས་འཛིན་ལྟ་སྐུལ་ལས་ཀ་ཡག་པོ་སྒྲུབ་རྒྱུ། དཔང་ཡིག་མེད་པར་སྨན་བཅོས་བྱེད་མིར་རྡུང་རྡེག་བྱེད་པ་དང་སྨན་བཅོས་ཞབས་འདེགས་ཚོང་རའི་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།

དུས་མཚུངས་སུ། མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྒྱུན་མཐུད་ཀྱིས“སྔོན་གཏོད་ལེགས་བརྩོན”གྱི་བྱེད་སྒོ་གཏིང་ཟབ་ཏུ་གཏོང་བ་དང་། ཏང་སྲོལ་དང་ལས་རིགས་ཀྱི་སྤྱོད་ཚུལ། འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གཙོ་བོ་ནི་སྨན་རྫས་ཉོ་སྒྲུབ་ཀྱི་ཁྱབ་ཁོངས་ནང་གི་ཚོང་ལས་ཀྱི་ལྐོག་ངན་ལ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག