མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་སྨན་བཅོས་ལས་ཁུངས་ཀྱི་མངོས་མེད་རྐྱེན་ངན་ལ་ཆེད་གཉེར་སྒྲིག་བཅོས་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-02-18 10:03

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་འཕྲོད་བསྟེན་ཅུས་ཀྱིས་སྨན་བཅོས་སྡེ་ཁག་གི་མངོན་མེད་རྐྱེན་ངན་ལ་ཆེད་གཉེར་སྒྲིག་བཅོས་བྱས་ཏེ། བདེ་འཇགས་ཅན་གྱི་སྨན་བཅོས་ཁོར་ཡུག་འཛུགས་གཏོད་བྱས་པ་རེད།

ཆེད་གཉེར་སྒྲིག་བཅོས་བྱ་འགུལ་གྱིས་སྨན་བཅོས་སྡེ་ཁག་སོ་སོའི་འཚུབ་བསྟུན་རུ་ཁག་གི་འཛུགས་བསྐྲུན་དང་། ཆེད་ལས་ལག་རྩལ་གསོ་སྦྱོང་དང་ལག་རྩལ་གསལ་སྟོན་གནས་ཚུལ། སྨན་བཅོས་ཡོ་བྱེད་དང་སྨན་རྫས། སྒེར་སྤྱོད་འགོག་སྲུང་སྤྱོད་ཆས་དང་སྨན་རྫས་གསོག་འཇོག་གནས་ཚུལ། བདེ་འཇགས་ཐོན་སྐྱེད་སྐོར་གྱི་བཅའ་ཁྲིམས་ཁྲིམས་ལུགས་དག་གི་ལག་བསྟར་གནས་ཚུལ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་གཏན་འབེབས་བྱེད་པ་དང་ལག་བསྟར་གནས་ཚུལ། དོན་རྐྱེན་ཡར་ཞུ་དང་། འབྲེལ་ཡོད་འགན་ཁུར་བར་ཉེས་ཆད་གཅོད་པའི་གནས་ཚུལ། བརྟན་འཇགས་མིན་པའི་རྐྱེན་ངན་མེད་པར་བཟོས་བའི་གནས་ཚུལ། ལས་ཁུངས་ནང་ལོགས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་གནས་ཚུལ། ཆུ་དང་གློག སྦྲིད་བྱེད་སྨན་རྫས། རླངས་འཁོར་བཅས་ལ་ལས་ཡུལ་དངོས་སུ་ཞིབ་བཤེར་གཏོང་བ་རེད།

ཆེད་གཉེར་བྱ་འགུལ་གྱིས་བསྡོམས་ན་མངོན་མེད་རྐྱེན་ངན་དང་གནད་དོན58ཞིབ་བཤེར་བྱས་ནས་ཐག་གཅོད་བྱས་པ། ཞིབ་བཤེར་ཁྲོད་མཐོང་བའི་མངོན་མེད་རྐྱེན་ངན་དང་གནད་དོན་ལ་དམིགས་ནས་སྒྲིག་བཅོས་བྱ་ཐབས་དང་བསམ་འཆར70འདོན་པ་རེད། ཞིབ་བཤེར་མཇུག་འབྲས་ལ་གཞིགས་ནས་འཕྲོད་བསྟེན་ཅུས་ཀྱི་མངོན་མེད་རྐྱེན་ངན་ལྡན་པའི་གནས་ཚུལ་ལ་བརྡ་ཁྱབ་བཏང་པ་དང་། སྡེ་ཁག་སོ་སོས་རང་རང་གི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་དུས་ཐོག་ཏུ་བསྒྱུར་བཅོས་བྱས་ཏེ། མངོན་མེད་རྐྱེན་ངན་དག་མེད་པར་བཟོ་རྒྱུའི་རེ་བ་འདོན་པ་རེད།

གོ་རྟོགས་ལྟར་ན། ཐེངས་འདིའི་བྱ་འགུལ་དེ་ཡག་པོ་སྤེལ་ཆེད།སེམས་ཀྱི་ཉི་ཟླ་རྫོང་འཕྲོད་བསྟེན་ཅུས་ཀྱིས་བྱ་འགུལ་གྱི་ལག་བསྟར་འཆར་ཡིག་བཀྲམ་པ་དང་། སྨན་བཅོས་ལས་ཁུངས་སོ་སོས་ཧུར་ཐག་གིས་ལག་ལེན་བྱས་ནས། རང་ལས་ཁོངས་ཀྱི་དངོས་ཡོད་དང་བསྟུན་ནས། ནན་ཏན་གྱིས་རང་ས་ནས་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་གཏོང་བའི་ལས་ཀ་སྤེལ་ཏེ། བདེ་འཇགས་ཐོན་སྐྱེད་སྐོར་གྱི་ཁྲིམས་ཡིག་དང་ལམ་ལུགས་དག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། འཚུབ་བསྟུན་བྱ་ཐབས་སོ་སོ་འཐུས་ཚང་དུ་གཏོང་ཡོད་དེ། གློག་མཁོ་སྤྲོད་དང་། མེ་འགོག རྐུན་འགོག་སྒྲིག་ཆས་དག་སྤུས་གཙང་བཟོས་བ། སྨན་བཅོས་སྡེ་ཁག་སོ་སོས་བདེ་འཇགས་སྨན་ཁང་འཛུགས་གཏོད་བྱ་འགུལ་དང་ཟུང་འབྲེལ་བྱས་ནས། གོམ་གང་མདུན་སྤོས་ཀྱིས་དུས་ཆེན་སྐབས་དང་མཚན་མོའི་སྐབས། འཕྲལ་བཅོས་ཁང་དང་ནད་པའི་སྡོད་ཁང་ལ་སོགས་པར་ལས་རེས་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། སྒོ་བསྟེན་སྨན་ཁང་དང་འཕྲལ་བཅོས་མི་སྣ་འདུས་སར་བདེ་འཇགས་ཉེན་བརྡའི་མཚོན་རྟགས་བཙུགས་ནས། མི་སྣ་འགྲེམ་བྱེད་འགྲོ་ལམ་དག་ཤར་བགྲོད་ཐུབ་པ་བཟོས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག