མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས17པ་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-02-18 10:01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས11ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཧོང་ཀྲེང་ཧུང་གིས་གཙོ་སྐྱོང་གནང་ནས་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་17པ་འཚོགས་ཏེ།སྲིད་གཞུང་གི་མི་སྔའི་ལས་དོན་གཙོ་བོ་བཀོད་སྒྲིག་བྱས་པ་དང་།ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ལས་བྱེད་ལས་བཟོ་ཡིས་རྣམ་པ་ལེགས་སྒྲིག་བྱེད་པ་དང་སེམས་ཤུགས་ཚུར་སྡུད་དེ་ལས་གནས་སུ་ཞུགས་ནས།བྲེལ་འཚུབ་ཆེ་ཞིང་གོ་རིམ་ལྡན་པའི་ངང་རྣམ་གྲངས་ཁག་གི་ལས་ཀར་ཞུགས་རྒྱུའི་སྐུལ་མ་བཏང་བ་རེད།

ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཀྲང་ཀྲི་ཅུན་དང་།ནོར་བུ་གཡང་འཛོམས།ཧོ་ཀྲེང་ཏུང་།ཚའེ་ཝུའུ་ཁྲེང་།དབྱང་ཀྲེང་དབྱི།སུའུ་ཐའོ།ཝུའུ་ཀྲི་ཆོན།དྲུང་ཆེན་དབྱང་ཙི་ཅང་སོགས་གྲོས་ཚོགས་སུ་ཞུགས་པ་རེད།

གྲོས་ཚོགས་སུ་ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་སྲིད་གཞུང་གི་སྲིད་གཙང་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་《སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་གི་“1·11”མེ་སྐྱོན་གྱི་སླར་གསོ་བསྐྱར་སྐྲུན་གྱི་སྤྱི་ཁོག་གི་འཆར་འགོད》ལ་ཞིབ་འཇུག་དང་ཞིབ་དཔྱད་གཏན་འབེབས་བྱས་པ།ཞིང་ཆེན་ནང་གི་ཁུལ་དང་གྲོང་ཁྱེར་དང་།དེ་སྔར་ཁུལ་ཕྱི་དོན་ཚོང་དོན་ཅུས་ལ་དབང་བའི་ཁེ་ལས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་འགན་ནུས་དེ་ཁུལ་དབུལ་སྐྱོར་གཞུང་ལས་ཁང་དུ་སྤྲོད་རྒྱུ་སོགས་འབྲེལ་ཡོད་བྱ་བ་ལ་ཞིབ་འཇུག་བྱས་པ་རེད།

ཁུལ་སྲིད་གཞུང་གི་སྐོར་གཟིགས་པ་གཞོན་པ་ཞའོ་ཅན་མིང་དང་ཚའོ་རུའུ་ཀྲུང་།ཨོ་རྒྱན་བསྟན་འཛིན།དྲུང་ཆེན་གཞོན་པ་དང་།ཁུལ་ལྟ་ཞིབ་ཅུས་ཀྱི་ཅུས་ཀྲང་།འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་གཙོ་བོ་སོགས་གྲོས་ཚོགས་སུ་ཟུར་ཞུགས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག