མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ན་ནིང་སེམས་ཀྱི་ཉི་ཟླ་རྫོང་གི་དཔལ་འབྱོར་འཁོར་སྐྱོད་བརྟན་པོ་ཡིན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-02-18 10:01

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་བསྡོམས་རྩིས་ཅུས་ཀྱིས་མཁོ་སྤྲོད་བྱས་པའི་གཞི་གྲངས་ཀྱིས་གསལ་པོར་མཚོན་པ་ལྟར་ན། 2013ལོར། རྫོང་འདིའི་དཔལ་འབྱོར་དམིགས་ཚད་གཙོ་བོ་བརྟན་པོའི་ངང་འཕར་བར་རྒྱུན་འཁྱོངས་བྱས་ཡོད།

2013ལོར། རྫོང་འདིས་གནད་ཆེ་ས་འབུར་དུ་ཐོན་པ་དང་། དོན་འཁྱོལ་དམ་འཛིན་བྱས་པ། གང་མགྱོ གས་ཀྱིས་གོང་སྤེལ་གཏོང་རྒྱུ་དེ་ལས་འགན་གཙོ་བོར་བཞག་པ་དང་། རྣམ་གྲངས་ཀྱི་འཛུགས་སྐྲུན་དེ་སྤྱིའི་གནད་ཆེ་སར་འཛིན་པ། ཚོང་འགུག་དངུལ་འདྲེན་བྱ་ཐབས་གཙོ་བོར་འཛིན་པ་བཅས་རྒྱུན་འཁྱོངས་བྱས་ནས། སྟོབས་ཤུགས་གང་ཡོད་ཀྱིས་ལས་ཀ་སོ་སོ་ལ་སྐུལ་མ་བཏང་ཞིང་། རྒྱལ་དམངས་ཀྱི་དཔལ་འབྱོར་མུ་མཐུད་དུ་གང་མགྱོ གས་ཀྱིས་གོང་སྤེལ་བཏང་བ་དང་། ཕྱོགས་བསྡུས་ཀྱི་དཔལ་འབྱོར་ནུས་ཤུགས་མངོན་གསལ་ངང་ཆེ་རུ་བཏང་བ་རེད། ཞིབ་རྩིས་བྱས་པ་ལྟར་ན། རྫོང་ཡོངས་ཀྱིས་རྫོང་ཁོངས་ཀྱི་སྤྱིའི་ཐོན་ཚད་རིན་ཐང་སྒོར་ཁྲི814512མངོན་འགྱུར་བྱུང་བ། འགྱུར་མེད་རིན་གོང་ལྟར་རྩིས་ན། སྔ་ལོ་ལས13.6%འཕར་བ་རེད། དེའི་ནང་། ཐོན་ལས་དང་པོས་འཕར་གྲངས་སྒོར་ཁྲི43771མངོན་འགྱུར་བྱུང་སྟེ། 7.0%འཕར་བ། ཐོན་ལས་གཉིས་པས་འཕར་གྲངས་སྒོར་ཁྲི349663མངོན་འགྱུར་བྱུང་སྟེ།18.8%འཕར་བ། ཐོན་ལས་གསུམ་པས་འཕར་གྲངས་སྒོར་ཁྲི421078མངོན་འགྱུར་བྱུང་སྟེ། 9.9%འཕར་བ་རེད།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག