མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཆི་དགྲ་ལྷས་རྡོ་མཁར་རྫོང་གི་གནོད་ཐེབས་མང་ཚོགས་ཀྱིས་ཡིད་ཆེས་བཅངས་ཏེ་དཀའ་ངལ་སེལ་བ་དང་སྔོན་ཚོད་ནས་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པའི་སྐུལ་མ་བཏང་བ

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-02-14 13:01

ཚེས8ཉིན། བོད་རང་སྐྱོང་ལྗོངས་ཀྱི་ལྗོངས་ཨུའི་རྒྱུན་ཨུ་དང་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཨུའི་ཧྲུའུ་ཅི་ཆི་དགྲ་ལྷས་རྡོ་མཁར་རྫོང་མེ་སྐྱོན་གྱི་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་ཞུས་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས8ཉིན། བོད་རང་སྐྱོང་ལྗོངས་ཀྱི་ལྗོངས་ཨུའི་རྒྱུན་ཨུ་དང་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཨུའི་ཧྲུའུ་ཅི་ཆི་དགྲ་ལྷ་ཆེད་དམིགས་ཀྱིས་ལྷ་ས་ནས་སེམས་ཀྱི་ཉི་ཟླར་ཡོང་ནས་རྡོ་མཁར་རྫོང་གི“1·11”མེ་སྐྱོན་གྱི་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་ཞུས་པ། ཁོང་གིས་གནོད་ཐེབས་མང་ཚོགས་ཀྱིས་མཐུན་སྒྲིལ་བྱེད་པ་དང་། ཡིད་ཆེས་བཅངས་ནས་ཏང་ཨུ་དང་སྲིད་གཞུང་གིས་འགོ་ཁྲིད་བྱས་འོག་དཀའ་ངལ་སེལ་ཏེ། སྔོན་ཚུད་ནས་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པར་སྐུལ་མ་བཏང་བ་རེད།

ཉིན་དེར། ཆི་དགྲ་ལྷས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧོང་ཀྲེང་ཧུང་དང་། ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ཀྲང་ཀྲི་ཅུན། ཁུལ་ཨུའི་རྒྱུན་ཨུ་དང་སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཧྲུའུ་ཅི་ཡུས་ཧྲིན་ཞང་། ཁུལ་དཔོན་གཞོན་པ་དབྱང་ཀྲེང་དབྱི། ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་བཅས་ཀྱིས་ཕེབས་རོགས་འོག་རྡོ་མཁར་རྫོང་གི“1·11”མེ་སྐྱོན་བྱུང་ཡུལ་དངོས་སུ་ཟབ་ཞུགས་བྱས་ནས། ཞིབ་ཕྲའི་ངང་མེ་སྐྱོན་གྱི་གནོད་ཐེབས་གནས་ཚུལ་དང་གནོད་ཐེབས་མང་ཚོགས་ཀྱི་བཀོད་སྒྲིག་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་རྒྱུས་ལོན་བྱས་པ་མ་ཟད། ད་དུང་རྡོ་མཁར་རྫོང་གི་བྱང་སྒོའི་གྲོང་མིའི་ཨུ་ཡོན་ལྷན་ཁང་དུ་ཁུལ་དང་རྫོང་གི་འགོ་ཁྲིད་དང་གནོད་ཐེབས་མང་ཚོགས་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

མེ་སྐྱོན་གྱི་གནས་ཚུལ་དང་བཀོད་སྒྲིག་གནས་ཚུལ། མིག་སྔའི་སླར་གསོ་བསྐྱར་སྐྲུན་བྱེད་པའི་གནས་ཚུལ་བཅས་ཉན་པའི་རྗེས། ཆི་དགྲ་ལྷས་རང་ཉིད་བདེ་ཆེན་གྱི་མི་ཞིག་ཡིན་པས། ཕྱི་ཡུལ་དུ་ལས་ཀ་སྒྲུབ་ཀྱི་ཡོད་མོད། འོན་ཀྱང་རྟག་ཏུ་སེམས་ནང་ཕ་ཡུལ་དྲན་པ་དང་ཕ་ཡུལ་གྱི་གོང་འཕེལ་དང་འགྱུར་ལྡོག་ལ་དོ་ཁུར་བྱས་ཡོད། རྡོ་མཁར་རྫོང་དུ་མེ་སྐྱོན་ཐེབས་པའི་གནས་ཚུལ་ཤེས་རྗེས། ཁྱོད་ཚོ་དང་འདྲ་པར་སེམས་མུག་བྱུང་ཡོད་མོད། འོན་ཀྱང་དེ་རིང་ཡུལ་དངོས་སུ་གནོད་ཐེབས་མང་ཚོགས་ཀྱི་བཀོད་སྒྲིག་ལས་ཀ་ཁག་ཡག་པོ་བསྒྲུབས་ཡོད་པའི་གནས་ཚུལ་དང་། གནོད་སྐྱོན་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་ཀ་གོ་རིམ་ལྡན་པའི་ངང་གོང་འཕེལ་བཏང་ཡོད་པའི་གནས་ཚུལ་མཐོང་བས། སེམས་གསོ་ཡག་པོ་ཐོབ་བྱུང་ཞེས་བཤད། ཁོང་གིས་བདེ་ཆེན་དུ་ལས་ཀ་སྒྲུབ་པའི་དུས་ཡུན་ལོ30ལྷག་གི་རིང་དུ། བདེ་ཆེན་གྱི་ས་ཆ་དང་རི་ཆུ་སོ་སོར་རང་ཉིད་ཀྱི་སྟོབས་ཤུགས་ཡོད་ཚད་བཏོན་ཡོད་ལ། བརྩེ་དུང་ཟབ་མོ་ཡོད་པ་རེད། ལྷག་པར་དུ་རང་ཉིད་ལོ་ཆུང་དུས་ནས་སྡོད་པའི་རྡོ་མཁར་རྫོང་ལ་མཚོན་ན། ང་རང་ཞུགས་མཁན་ཞིག་དང་འཛུགས་མཁན་ཞིག་ཀྱང་ཡིན་ཏེ། གནའ་གྲོང་གི་གོང་འཕེལ་དང་འགྱུར་ལྡོག་གི་བར་དཔང་ཡིན། གནའ་གྲོང་གི་ཁྲོམ་ལམ་ཚང་མ་དང་། ཁང་པ་ཚང་མ། མང་ཚོགས་ཚང་མ་ལ་བརྩེ་དུང་ཟབ་མོ་ཡོད། གནོད་སྐྱོན་བྱུང་ཡང་མི་སྣ་ཤི་མེད་པ་དང་རྨས་མེད་པ་དེ་ཡག་པོ་ཡིན་པ་དང་། གནད་ཆེའི་རིག་རྫས་སྲུང་སྐྱོང་བྱས་ཐུབ་པ་དེ་ཡག་པོ་ཡིན་པ། དུས་ཐོག་ཏུ་མྱུར་སྐྱོབ་བྱས་ཏེ་གནོད་སྐྱོན་གྱིས་གོད་ཀ་ཆེན་པོ་བཟོས་མེད་པ་དེ་ཡག་པོ་ཡིན་པ། གནོད་ཐེབས་མང་ཚོགས་ཚང་མ་ལ་བཀོད་སྒྲིག་བྱས་ཐུབ་ནས། དེ་ལས་ཆེ་བའི་གནོད་ཤུགས་བཟོས་མེད་པ་དེ་ཡག་པོ་རེད་ཅེས་བཤད་པ།

ཆི་དགྲ་ལྷས་རྒྱ་ཆེ་བའི་གནོད་ཐེབས་མང་ཚོགས་ལ། གནོད་སྐྱོན་བྱུང་ནས་དཀའ་ངལ་སྣ་ཚོགས་བྱུང་ངེས། འོན་ཀྱང་གནོད་སྐྱོན་གྱི་མདུན་དུ་ཚང་མས་མཐུན་སྒྲིལ་བྱས་ཏེ་དཀའ་ངལ་སེལ་དགོས། ཚང་མས་ཏང་དང་སྲིད་གཞུང་ལ་ཡིད་ཆེས་བྱེད་པ་དང་། རང་ཉིད་ཀྱིས་ཡིད་ཆེས་འཛུགས་དགོས། དོན་དངོས་ལ་ཁ་གཏད་བྱེད་དགོས། ང་ཚོ་ལ་ཁྱད་འཕགས་ཀྱི་ལམ་ལུགས་ཡོད། ང་ཚོ་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲ་བརྟན་གྱི་འགོ་ཁྲིད་ཡོད། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཐོང་ཆེན་དང་དོ་ཁུར་ཡོད། སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་དང་རོགས་སྐྱོར་ཡོད། ཆེས་རྩ་ཆེ་བ་ནི་ང་ཚོའི་མི་ད་དུང་ཡོད་པ་དང་། འདི་འདྲའི་སྲིད་ཇུས་དང་ཁོར་ཡུག་ལེགས་པོ་ཡོད་པས། ང་ཚོས་དེ་ལས་སེམས་མཐུན་ཤུགས་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་བྱས་ནས། དཀའ་ངལ་སེལ་བའི་ཡིད་ཆེས་འཛུགས་དགོས། ང་ཚོ་ལ་རྡོ་མཁར་རྫོང་སྔར་ལས་མཛེས་པར་བསྐྱར་སྐྲུན་བྱེད་ཐུབ་པའི་རྨང་གཞི་དང་ཆ་རྐྱེན་ཡོད་པའི་སྐུལ་མ་བཏང་བ་རེད།

ཆི་དགྲ་ལྷས་བདེ་ཆེན་ཁུལ་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་ཚན་རིག་དང་མཐུན་པའི་ངང་རྡོ་མཁར་རྫོང་གི་སླར་གསོ་བསྐྱར་སྐྲུན་གྱི་འཆར་གཞི་ཡག་པོ་འགོད་པ་དང་། འཆར་འགོད་སྔོན་འགོད་བྱེད་པ། ལོ་རྒྱུས་ལ་བརྩི་བཀུར་བྱེད་པ། སྤྱི་ཚོགས་ལ་བརྩི་བཀུར་བྱེད་པ། རང་བྱུང་གི་སྐྱེ་ཁམས་ཁོར་ཡུག་ལ་བརྩི་བཀུར་བྱེད་པའི་རྩ་དོན་ལ་གཞིགས་ནས། གཅིག་གྱུར་གྱིས་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་། བདེ་འཇགས་བཅས་ལ་བསམ་བློ་གཏོང་བ། འཆར་འགོད་བྱེད་པའི་དུས་སུ་གཞི་རིམ་དུ་ཟབ་ཞུགས་མང་ཙམ་བྱེད་པ་དང་། མང་ཚོགས་ཀྱི་བསམ་འཆར་ཉན་པ། འགོ་འཛུགས་ས་མཐོ་པོ་དང་ཚད་གཞི་མཐོ་པོའི་བླང་བྱ་ལ་གཞིགས་ཏེ་འཆར་གཞི་ཡག་པོ་བཀོད་ནས། གང་མགྱོ གས་ཀྱིས་དེ་ལས་མཛེས་པའི་རྡོ་མཁར་རྫོང་ཞིག་སླར་གསོ་བསྐྱར་སྐྲུན་བྱེད་པའི་སྨོན་འདུན་ཞུས་པ་རེད།

ཧོང་ཀྲེང་ཧུང་གིས་ངེས་པར་དུ་སྔོན་མའི་འགོ་ཁྲིད་ཀྱིས་རེ་བ་སྟོང་ཟད་དུ་མི་གཏོང་ལ། རིམ་པ་ཁག་གི་སྡེ་ཁག་སོ་སོ་དང་སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་དང་རོགས་སྐྱོར་བྱེད་འོག ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་རྡོ་མཁར་རྫོང་གི་སླར་གསོ་བསྐྱར་སྐྲུན་ལས་ཀ་ཡག་པོ་སྒྲུབ་རྒྱུའི་ཡིད་ཆེས་དང་ཆོད་སེམས་ཡོད། ཁོང་གིས་མིག་སྔར། ཁུལ་དང་རྫོང་རིམ་པའི་སྡེ་ཁག་སོ་སོས་གཅིག་ནས་ལོ་རྒྱུས་དང་དོན་དངོས་ལ་བརྩི་བཀུར་བྱེད་པའི་སྔོན་འགྲོའི་འོག ཚད་གཞི་མཐོ་པོའི་ངང་སླར་གསོ་བསྐྱར་སྐྲུན་གྱི་འཆར་གཞི་ཡག་པོ་འགོད་དགོས། གཉིས་ནས་ཧུར་ཐག་གིས་རྣམ་གྲངས་ཀྱི་སྙན་སེང་ཡག་པོ་ཞུས་ནས། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྡེ་ཁག་སོ་སོ་ནས་སླར་གསོ་བསྐྱར་སྐྲུན་བྱེད་པའི་མ་དངུལ་བརྩོན་ལེན་བྱེད་དགོས། གསུམ་ནས་གནོད་ཐེབས་མང་ཚོགས་ཀྱི་བཀོད་སྒྲིག་ལས་ཀ་ཡག་པོ་སྒྲུབ་དགོས་ཞེས་བསྟན་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག་ཏུ། ཆི་དགྲ་ལྷས་ད་དུང་རྡོ་མཁར་རྫོང་གི“1·11”མེ་སྐྱོན་གྱི་གནོད་ཐེབས་མང་ཚོགས་དང་། སྡེ་ཁུལ་གྱི་གྲོང་མིའི་ཨུ་ཡོན་ལྷན་ཁང་ལ་འཚམས་འདྲིའི་མ་དངུལ་གནང་ཞིང་། ཚང་མ་ལ་ལོ་གསར་གྱི་རྟེན་འབྲེལ་ཞུས་པ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག