མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་བྱ་འགུལ་རབ་དང་རིམ་པ་བྱས་ནས་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ་རྒྱུ་ཡིན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-02-14 13:01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་སྤྱི་ཚོགས་ཀྱི་ཀུན་སྤྱོད་བཟང་པོ་དར་སྤེལ་གཏོང་བ་དང་། འཆམ་མཐུན་གྱི་སེམས་ཀྱི་ཉི་ཟླ་འཛུགས་བསྐྲུན་བྱེད་པའི་བརྗོད་བྱ་གཙོ་བོར་དམ་འཛིན་བྱས་ནས། བྱ་འགུལ་རབ་དང་རིམ་པ་ཞིག་བྱས་ཏེ“གསུམ་བརྒྱད”ལ་སྤྱིའི་བུད་མེད་དུས་ཆེན་ལོ་ངོ104འཁོར་བར་རྟེན་འབྲེལ་ཞུ་རྒྱུ་རེད།

ཟླ3པའི་ཚེས6ཉིན། སེམས་ཀྱི་ཉི་ཟླ་རྫོང་བུད་མེད་མཉམ་འབྲེལ་མཐུན་ཚོགས་ཀྱིས་མེ་གསོད་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་རྡོ་མཁར་རྫོང་གི་ཟླ་འོད་ཐང་ཆེན་དུ་མེ་གསོད་ཤེས་བྱའི་གསོ་སྦྱོང་དང་དྲེལ་བསྒྲགས་བྱ་འགུལ་བྱ་རྒྱུ་ཡིན། སེམས་ཀྱི་ཉི་ཟླ་རྫོང་གིས་ད་དུང་དབང་སྲུང་ཞབས་ཞུ་ཁྱིམ་ཚང་ཁྲི་ཚོར་སྐྱེལ་བ་ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་གསུམ་པའི་ཚེས་བརྒྱད་བུད་མེད་དུས་ཆེན་གྱི་དབང་སྲུང་བྱ་འགུལ་བྱ་རྒྱུ། བུད་མེད་མང་ཚོགས་དང་ཁྱིམ་ཚང་གི་དངོས་ཡོད་དགོས་མཁོ་དང་བསྟུན་ནས། རྣམ་པ་མང་ཞིང་ལས་ཆོད་ལྡན་པའི་བུད་མེད་ཀྱི་དང་བླངས་ཞབས་ཞུའི་བྱ་འགུལ་བྱས་ནས། བུད་མེད་དང་བླངས་རུ་ཁག་གི་ནུས་པ་འདོན་སྤེལ་འདང་ངེས་བྱ་རྒྱུ་རེད།དེ་མིན་རྫོང་ཨུའི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་བསྟར་བྱ་འགུལ་གྱི་རེ་བ་ལྟར། གཞི་རིམ་དང་མང་ཚོགས་ཁྲོད་དུ་ཟབ་ཞུགས་བྱས་ནས། གོ་ཆོད་ངེས་ཀྱི་ལས་ཀ་ཡག་པོ་བསྒྲུབས་ནས། བུད་མེད་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱིས་ཐག་གཅོད་བྱ་དགོས་པའི་དངོས་ཡོད་གནས་དོན་དག་ཐག་གཅོད་བྱ་རྒྱུ་ཡིན།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག