མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གསར་སྤེལ་ཆུས་ཀྱིས་ངལ་གསོའི་ཉིན་མོ་རྗེས་ཀྱི་ལས་ཀར་བཀོད་སྒྲིག་གང་ལེགས་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-02-14 13:00

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ལོ་གསར་གྱི་ངལ་གསོའི་ཉིན་མོ་མཇུག་རྫོགས་མ་ཐག ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱིས་རྣམ་གྲངས་སོ་སོའི་ལས་ཀར་བཀོད་སྒྲིག་གང་ལེགས་བྱས་པ་རེད། དོ་དམ་ཨུ་ལྷན་གྱིས་སྡེ་ཁག་སོ་སོས་འགན་ནུས་དང་ཟུང་འབྲེལ་དང་། འགན་འཁུར་མཐོང་ཆེན། དོན་ཐོག་ཏུ་འཁྱོལ་བ་སོགས་བྱས་ནས། རྣམ་གྲངས་འཛུགས་སྐྲུན་དང་། ཚོང་དང་མ་རྩ་འདྲེན་འགུགས། སྤྱོད་ལམ་བསྒྱུར་བཅོས། འོས་འགན་དམིགས་འབེན་དོན་འཁྱོལ་སོགས་ཀྱི་ཐད་“སྔ་མོ” ལྔ་འབུར་ཏུ་ཐོན་པར་བྱས་ཏེ། ད་ལོའི་གསར་སྤེལ་ཆུས་ཀྱི་“ལམ་ལུགས་འཛུགས་སྐྲུན་ལོ་འཁོར”་དང་“ཚོང་དང་མ་རྩ་འདྲེན་འགུགས་ཀྱི་ལོ་འཁོར”འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་འཛུགས་པའི་བླང་བྱ་བཏོན་པ་རེད།

རྣམ་གྲངས་འཛུགས་སྐྲུན་སྔ་མོ་ནས་དམ་དུ་བཟུང་བ། རྣམ་གྲངས་གྲ་སྒྲིག་གི་དུས་འགོའི་ལས་ཀ་ཤུགས་ཡོངས་ཀྱིས་ལེགས་པོར་སྒྲུབ་སྟེ། ལོ་འདིའི་ནང་གལ་ཆེའི་འཛུགས་སྐྲུན་རྣམ་གྲངས་མགྱོགས་མྱུར་གྱིས་དོན་དུ་འཁྱོལ་བར་བྱེད་པ། ཚོང་དང་མ་རྩ་འདྲེན་འགུགས་སྔ་མོ་ནས་མཐུན་འབྲེལ་བྱེད་དེ། སྔར་ལས་ལྷག་པའི་སྒོ་ནས་ཞབས་ཞུའི་འདུ་ཤེས་དང་སྤུས་ཚད། ཚོང་དང་མ་རྩ་འདྲེན་འགུགས་ཀྱི་འགྲན་རྩོད་ནུས་ཤུགས་ཇེ་མཐོར་གཏོང་བར་བྱེད་པ། རྣམ་གྲངས་སོ་སོའི་ལས་ཀ་སྔ་མོ་ནས་འཆར་གཞི་བཀོད་པ། ཆུས་ཏང་ཨུ་དང་དོ་དམ་ཨུ་ལྷན་གྱི་གལ་ཆེའི་ལས་ཀར་གཞིར་བཟུང་། སྡེ་ཁག་གི་འགན་ནུས་དང་ཟུང་འབྲེལ་བྱས་ཏེ། རྣམ་གྲངས་སོ་སོའི་དངོས་ཡོད་ཀྱི་ལས་ཀ་ནན་ཏན་ངང་སྤེལ་བ། སྤྱོད་ལམ་སྔ་མོ་ནས་བསྒྱུར་བཅོས་བྱེད་པ། ཀྲུང་དབྱང་དང་ཞིང་ཆེན། ཁུལ་རིམ་པའི་བླང་བྱ་ལྟར་དངོས་ཐོག་དང་ཟུང་འབྲེལ་བྱས་ཏེ། རྣམ་གྲངས་སོ་སོའི་ལམ་ལུགས་མུ་མཐུད་དུ་ལེགས་བཅོས་བྱེད་པ། འོས་འགན་དམིགས་འབེན་སྔ་མོ་ནས་གནད་དུ་བཟུང་བ། སྔ་མོ་ནས་བཀོད་སྒྲིག་དང་སྔ་མོ་ནས་དོན་འཁྱོལ། འོས་འགན་ཞིབ་བགོས། ལྟ་སྐུལ་ཤུགས་སྣོན་སོགས་ཀྱི་བྱ་ཐབས་སྤྱད་དེ་ཕྱོགས་ཡོངས་ནས་རྣམ་གྲངས་སོ་སོའི་འོས་འགན་དམིགས་འབེན་ལེགས་འགྲུབ་བྱུང་བར་བརྩོན་ལེན་བྱེད་དགོས།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག