མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་ན་རྒན་གྱི་ལས་ཀར་མཐོང་ཆེན་གནང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་དྲ་བ།  2014-02-14 12:59

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ན་ནིང་ལོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་སྡེ་ཁག་གིས་ལས་ཀའི་སྒྲིག་སྲོལ་གསར་གཏོད་དང་། ལས་ཀའི་ཁྱབ་ཁོངས་རྒྱ་བསྐྱེད་བཏང་ནས། ཏན་ཏིག་གིས་ཁུལ་ཡོངས་ཀྱི་ན་རྒན་གྱི་ལས་ཀར་སྐུལ་སྤེལ་བཏང་བ་རེད།

ན་རྒན་གྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས། 《ན་རྒན་ཁྲིམས་གྱི་སྲོལ》དྲིལ་བསྒྲགས་ལག་བསྟར་བྱེད་པའི་ཇུས་གཞི་བཟོས་པ་དང་། སྔར་ལས་ལྷག་པར་དྲིལ་བསྒྲགས་བྱེད་རྒྱུར་ཤུགས་བསྣན་ནས། སྤྱི་ཚོགས་ཡོངས་ཀྱིས་ན་རྒན་གྱི་ལས་ཀར་མཐོང་ཆེན་བྱེད་ཚད་ཇེ་མཐོར་བཏང་བ་རེད། ཧུར་ཐག་གིས《ན་རྒན་གྱི་ཁྲིམས་སྲོལ》ལག་ལེན་དང་དོན་འཁྱོལ་བྱས་པའི་གྲུབ་འབྲས་དེ་སྤྱི་ཚོགས་རྒན་གསོའི་ཞབས་ཞུའི་མ་ལག་ལ་སྐུལ་སྤེལ་བཏང་བསྒྱུར་ནས། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བའི་ཐོག་ཚན་རིག་འཕེལ་རྒྱས་ཀྱི་སྒུལ་ཤུགས་དྲག་པོར་བསྒྱུར་ལ། དེ་དང་མཉམ་དུ་རྣམ་པ་མང་ཞིང་ནང་དོན་ཕུན་སུམ་ཚོགས་པའི་རྒན་བཀུར་ཉིན་མོ་འཛུགས་པ་སོགས་ཀྱི་བྱེད་སྒོའང་སྤེལ་ནས། ཁྱོན་བསྡོམས་ལོ་ཡོངས་སུ་གསར་འཛུགས་སྡེ་ཁག15ལ་གཟེངས་བསྟོད་བྱས་པ་རེད།

2013ལོར། ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་ཁ་གསབ་རོགས་དངུལ་སྒོར་ཁྲི756བཏང་ནས་རང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གཏེར་མ་རོང་ཤང་ཕུ་སྟེང་གྲོང་ཚོ་སོགས་རྒན་གསོའི་ཞབས་ཞུ་ལྟེ་གནས16ལ་རྣམ་གྲངས་འཛུགས་སྐྲུན་གྱི་རོགས་སྐྱོར་བྱས་ཤིང་། རྣམ་གྲངས་དེ་ཞིང་ཆེན་སྲིད་གཞུང་གི་དམངས་ཕན་དོན་དངོས་རྣམ་གྲངས10ཡི་ནང་དུ་བཞག་ནས། གནད་ཆེར་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ལས་ཀའི་ནང་དོན་གཙོ་བོ20ཡི་ནང་དུ་འཇོག་གྲབས་ཡོད། མིག་སྔར། སེམས་ཀྱི་ཉི་ཟླ་རྫོང་ཉི་ཤར་ཤང་བདེ་སྐྱིད་གྲོང་ཚོ་དང་ཐང་སྨད་གྲོང་ཚོའི་རྒན་གསོའི་ཞབས་ཞུ་ལྟེ་གནས་ཀྱི་རྣམ་གྲངས་དེ་ས་འགུལ་བྱུང་བའི་རྒྱུ་རྐྱེན་གྱིས་ལས་འགོ་བརྩམས་མེད་པ་མ་གཏོགས། གཞན་གྱི་རྣམ་གྲངས་འཛུགས་སྐྲུན་ཚང་མ་བདེ་བླག་ཡིན་པ་རེད།

ནན་ཏན་གྱིས་ལོ་ན་མཐོ་བའི་ན་རྒན་ལ་ཞིབ་བཤེར་དང་ཐོ་འགོད། སྤྱི་བསྒྲགས་རྩིས་བཤེར། རོགས་སྐྱོར་མ་དངུལ་འགྲེམས་གཏོང་བྱེད་པ་སོགས་ལེགས་པར་སྒྲུབ་པ། 2013ལོར། ཁུལ་ཡོངས་ཀྱི་ལོ་ན80ཡན་གྱི་རྒན་པ་མི4576གིས་བདེ་སྲུང་རོགས་སྐྱོར་བླངས་པ་དང་། ལོ་བརྒྱ་ཅན་གྱི་རྒན་པ10ཡིས་ཚེ་ཐག་རིང་བའི་ཁ་གསབ་རོགས་དངུལ་བླངས། ཁྱོན་བསྡོམས་རོགས་སྐྱོར་མ་དངུལ་སྒོར་ཁྲི230.424བཏང་བ་རེད། མ་དངུལ་རོགས་སྐྱོར་གྱི་ཚད་གཞི་ནི་ལོ80ནས89བར་གྱི་རྒན་པ་མི་རེ་ལ་ཟླ་རེར་སྒོར40དང་། ལོ90ནས99བར་གྱི་རྒན་པ་མི་རེ་ལ་ཟླ་རེར་སྒོར50 ལོ100ཡན་གྱི་རྒན་པ་མི་རེ་ལ་ཟླ་རེར་སྒོར230ཡིན་ཞིང་། རོགས་སྐྱོར་མ་དངུལ་འགྲེམས་ཚད་ཞིང་ཆེན་རིམ་པའི་ཚད་གཞི་ལ་སླེབས་ཡོད།

ཞིང་གྲོང་གི་ཁྱིམ་སྲུང་རྒན་པ་དང་། གཉོར་མཁན་མེད་པའི་རྒན་པའི་རྒན་གསོའི་གནད་དོན་ཐག་གཅོད་ཆེད། རང་ཁུལ་གྱིས་ཞིང་གྲོང་བདེ་སྐྱིད་གླིང50འཛུགས་སྐྲུན་བྱེད་པའི་རྣམ་གྲངས་རེ་ཞུ་བྱས་པ་དང་། ཞིང་ཆེན་ཐེབས་རྩ་ཚོགས་པའི་རོགས་སྐྱོར་མ་དངུལ་སྒོར་ཁྲི10བརྩོན་ལེན་བྱས་ཏེ། གཙོ་བོ་སྲིད་འཛིན་གྲོང་ཚོ10ཡི་རྒན་པའི་མཐུན་ཚོགས་ལ་རོགས་སྐྱོར་བྱས་ཤིང་། ས་ཚིགས་རེ་རེ་བྱ་འགུལ་གྱི་སྒྲིག་ཆས་ཉོ་སྤྱད་སྒོར་ཁྲི1རེ་རོགས་སྐྱོར་བྱས། ཞིང་ཆེན་དགེ་རྩ་རྒྱན་ཤོག་སྤྱི་ཕན་མ་དངུལ་རོགས་སྐྱོར་གྱི་གྲོང་གསེབ་བརྒྱའི་འཛུགས་སྐྲུན་རྣམ་གྲངས་གྱི་མ་དངུལ་སྒོར་ཁྲི6བརྩོན་ལེན་བྱས་ནས། གཞི་རིམ་གྱི་རྒན་པའི་མཐུན་ཚོགས3ལ་རོགས་སྐྱོར་བྱས་པ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག