མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ལྕོག་སྐྱ་གྲོང་མིས་ཁྱིམ་གསར་པར་སྤོས་ནས་དགའ་སྤྲོའི་ངང་ནས་ལོ་གསར་གཏོང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-02-11 10:26

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལོ་གསར་ཤར་ཁར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་གྱི་མངའ་ཁོངས་ནང་གི་རྒྱལ་ལམ214ཉེ་འགྲམ་གྱི་བརྗིད་ཉམས་ཆགས་པའི་ཨར་འདམ་ཁང་པར།དུད་ཁ15ཡོད་པའི་གྲོང་ཚོར་ལོ་གསར་གྱི་སྣང་ཚུལ་སྤྲོ་འོས་པ་ཞིག་མངོན་ཡོད་ཅིང་།ལམ་ཁར་ཚར་དུ་དངར་བའི་ཉི་ནུས་ལམ་སྒྲོན་འཛུགས་ཡོད་པ་རེད།འདི་ནི་ལྕོག་སྐྱ་གྲོང་པའི་ཡུལ་མི་གནས་སྤོ་ས་ཚིགས་ཡིན་པས།གྲོང་མི་ཚོ་ནི་ལོ་གསར་མ་ཤར་གོང་ཆ་རྐྱེན་ཞན་པ་དང་།འགྲིམ་འགྲུལ་སྟབས་བདེ་མིན་པའི་རི་ཁོག་ནས་འདིར་གནས་སྤོས་པ་ཡིན།

གྲོང་མི་ལུའོ་ཅིང་གིས་ཟེར་དོན།དེང་སང་འགྲིམ་འགྲུལ་སྟབས་བདེ་ཞིང་ཁང་པའི་རྒྱ་ཁྱོན་ཆེ་བས།སྡོད་ཁང་གསར་པས་ང་ཚོའི་འཚོ་གཞིས་ཆ་རྐྱེན་འཐུས་ཚང་དུ་གཏོང་ཡོད་ལ།རྒྱལ་ཁབ་ཀྱིས་ང་ཚོར་རོགས་རམ་བྱེད་ཚད་ནི་དཔེ་མི་སྲིད་པ་རེད།གནམ་གང་ནུབ་མོར་གསར་འགོད་པ་ལུའོ་ཅིང་གི་ཁྱིམ་དུ་འགྲོ་སྐབས།ཁོས་གནམ་ལྟོ་བཟོ་བཞིན་འདུགཁོའི་ཁྱིམ་དུ་བོད་ལུགས་ཁྱིམ་ཆས་གསར་པས་གང་བ་དང་།ཅོག་ཙེ་ཐོག་ཤིང་ཏོག་ལ་སོགས་པས་གང་འདུག

ཀོང་རྩེད་ར་ལྕོག་སྐྱ་གྲོང་མི་ཚོ་ཆུང་ལ་དུད་ཁ8ཡོད།གྲོང་དེའི་ཆགས་ཚུལ་ཞན་པས་དུས་ཡུན་རིང་པོར་ཀོང་རྩེད་ར་གྲོང་རྡལ་གྱི་དབུལ་སྐྱོར་བྱ་ཡུལ་ཡིན།དེ་མ་ཟད་དབུལ་སྐྱོར་ཇི་འདྲ་བྱས་ཀྱང་ཇེ་དབུལ་དུ་གྱུར།ཉེ་བའི་ལོ་འགར།གྲོང་མི་ཚོ་ཆུང་དེའི་ཆགས་གནས་སུ་ད་དུང་གས་ཆག་བྱུང་བ་རེད།གྲོང་མིའི་བདེ་འཇགས་ཆེད་དུ་འཇོལ་རྫོང་གིས་ལྕོག་སྐྱ་གྲོང་དང་དེ་དང་འདྲ་བའི་ཆ་རྐྱེན་ཞན་པའི་གྲོང་པར་ཡུལ་མིའི་སྐྱེ་ཁམས་གནས་སྤོ་བྱས་ནས།ལོ་གསར་མ་ཤར་གོང་དུད་ཁ15དགའ་དགའ་སྤྲོ་སྤྲོའི་ངང་ནས་ཁང་པ་གསར་པར་སྤོས་པ་རེད།གནས་སྤོའི་ཁང་པ་གསར་པའི་སྒོ་ཐེམ་དག་ཏུ་ཏང་དང་རྒྱལ་ཁབ་ལ་བཀའ་དྲིན་དྲན་པའི་ཆ་ཡིག་སྦྱར་ཡོད་པ་རེད།

ལྕོག་སྐྱ་གྲོང་ནི་ས་འགུལ་གྱི་གནོད་སྐྱོན་ཕོག་ཆེ་སར་གནས་ཡོད་པས།ས་འགུལ་བྱུང་སྐབས།གྲོང་མི་ཚོའི་ཁང་པ་རྙིང་པར་གས་ཆག་ཚབས་ཆེན་བྱུང་བ་དང་།ཁང་པ་གསར་པར་གས་ཤུལ་ཙམ་ཡང་འབྱུང་མེད།གྲོང་མི་ཚོས་ཁང་པ་གསར་པར་སེམས་བདེ་ཞིང་།ཏང་གི་དམངས་ཕན་སྲིད་ཇུས་ཀྱི་དངོས་མཐོང་ལག་ཟིན་གྱི་ཕན་འབྲས་དག་ལ་བཀའ་དྲིན་ཆེ་ཞུ་བ་རེད།

གོ་རྟོགས་ལྟར་ན།འཇོལ་རྫོང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གནས་སྤོ་བྱས་པའི་དུད་ཁ15ལ་ཞིང་མུའུ20ས་རྒོད་སློག་སྟེ།ད་སྔར་ཞིང་དེ་དག་ད་དུང་མི་སེར་གྱི་ལག་ཏུ་འབྱོར་མེད་པ་དང་ལོ་གསར་འགོར་རྗེས་དངོས་སུ་བགོ་རྒྱུ་རེད།

གནམ་གང་ནུབ་མོར།གྲོང་གསར་གྱི་གང་སར་ལོ་གསར་གྱི་དགའ་སྤྲོའི་རྣམ་པས་ཁེངས་ཤིང་།ཤོག་སྦག་གི་ཚག་སྒྲ་དང་སྒོ་ཁའི་ལྒང་ཞུས་གྲོང་གསར་གྱི་དགའ་སྤྲོའི་འཚོ་བའི་སྣང་ཚུལ་དག་འགེབས་གསང་མེད་པར་མཚོན་ཡོད་པ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག