མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་སྤྱི་བདེ་ལས་ཁུངས་ཀྱིས་ལོ་གསར་བར་སྐབས་སུ་མང་ཚོགས་ཀྱི་བདེ་འཇགས་ཁག་ཐེག་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-02-08 10:30

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ལས་ཁུངས་ཀྱིས་རྒྱུ་ནོར་གྱི་བདེ་འཇགས་དང་། བདེ་པོའི་ངང་ཕྱིར་ཐོན་པ། སྤྱི་ཚོགས་ཀྱི་བརྟན་བརླིང་སོགས་སྲུང་བའི་དམིགས་འབེན་ལ་གཞིགས་ནས། བདེ་སྲུང་སྔོན་འགོག་ལས་ཀ་བྱེད་ཤུགས་ཆེ་རུ་བཏང་ནས། ཁུལ་ཡོངས་ཀྱི་མང་ཚོགས་བརྟན་ཞིང་བདེ་བའི་ལོ་གསར་ཞིག་གཏོང་ཐུབ་པ་ཁག་ཐེག་བྱས་པ་རེད།

ཤེས་གསལ་བྱུང་དོན། དུས་ཆེན་བར་སྐབས་ཀྱི་སྤྱི་ཚོགས་ཀྱི་བདེ་སྲུང་བརྟན་བརླིང་དེ་ཁག་ཐེག་བྱེད་པའི་ཆེད། རང་ཁུལ་གྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་སྔ་རྗེས་སུ་ཆེད་དོན་གྲོས་ཚོགས་འཚོགས་ཏེ། ལོ་གསར་གྱི་བདེ་འཇགས་བདེ་སྲུང་ལས་ཀ་ལ་དངོས་གཞིའི་བཀོད་སྒྲིག་བྱས་ཤིང་། འགོ་ཁྲིད་ཀྱིས་ལས་རེས་སྣེ་ཁྲིད་བྱས་པ་དང་།སྣ་རིགས་གཙོ་བོའི་ཉེན་རྟོག་པ་དང་སྡེ་ཁག་གི་འགོ་ཁྲིད་ཀྱིས་ལས་རེས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཁུལ་དང་རྫོང་སྤྱི་བདེའི་རྒྱལ་མཚམས་ནས་ཕྱིར་ཐོན་ནང་འཛུལ་དོ་དམ་སྡེ་ཁག་གིས་ཕྱོགས་གཅིག་ཏུ་ཧུར་ཐག་ངང་ཕྱིར་ཐོན་པའི་གླ་རྒྱག་ཞིང་པའི་ཐོབ་ཐང་ལག་ཁྱེར་སོགས་ཀྱི་བདག་གཉེར་ལས་ཀ་ཡག་པོ་སྒྲུབ་པ་དང་། ཕྱོགས་གཅིག་ཏུ་ཧུར་ཐག་གིས་ཡུལ་སྐོར་བའི་འཐུས་མཆན་འགོད་པའི་བདག་གཉེར་ལས་ཀ་ཡག་པོ་སྒྲུབ་པ། 110བཀོད་འདོམས་ལྟེ་གནས་དུས་ཚོད་24མཐུད་སྦྲེལ་ངང་ལས་གནས་སུ་ཞུགས་ནས་ཞབས་འདེགས་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།

“དགའ་སྐྱིད་ལྡན་པའི་ཤམ་བྷ་ལ”ཞེས་པའི་ལོ་གསར་བསུ་བའི་དམངས་སྲོལ་རིག་གནས་ཀྱི་ཕྲེང་སྟར་བྱེད་སྒོ་བདེ་བླག་ངང་འཚོགས་པ་ཁག་ཐེག་བྱེད་ཆེད། ཁུལ་སྤྱི་བདེ་ཅུས་དང་སེམས་ཀྱི་ཉི་ཟླ་རྫོང་སྤྱི་བདེ་ཅུས་ཀྱིས་ཉེན་རྟོག་པ80ལྷག་མངག་གཏོང་བྱས་ནས། དྲག་དཔུང་ཉེན་རྟོག་པ་དང་མཉམ་ལས་བྱས་ཏེ་འཁྲབ་སྟོན་བྱེད་སའི་མཐའ་སྐོར་དུ་སྔོན་འགོག་ནན་པོ་བྱས་ཡོད། དུས་ཆེན་གྱི་བར་སྐབས་སུ།སྤྱི་བདེ་ལས་ཁུངས་ཀྱིས་ད་དུང་རྡོ་མཁར་རྫོང་མཐའ་སྐོར་དུ་བདེ་སྲུང་སྐོར་ཞིབ་སྔོན་འགོག་བྱེད་ཤུགས་ཆེ་རུ་བཏང་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག