ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་དང་བདེ་ཆེན་ཁུལ་གྱི་འབྲེལ་ཡོད་དགོངས་དོན་ལྟར། འབའ་ལུང་རྫོང་གིས་དུས་ལྟར་ཁེ་ལས་ནས་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣའི་གླ་ཕོགས་ཇེ་མཐོར་བཏང་ཞིང་། 2005ལོ་ནས་བཟུང་བསྟུད་མར་ལོ9རིང་ལ་ཁེ་ལས་ནས་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོ་གླ་ཕོགས་འཕར་སྣོན་བྱས། ན་ནིང་། ཁེ་ལས་ནས་ལས་འ྇ཁྱུར་ངལ་གསོ་མི་སྣའི་རྒན་གསོ་མ་དངུལ་སྒོར་ཁྲི1613དང་། ཚེ་ལས་འདས་པའི་ལས་བཟོ་བའི་གཟིགས་སྐྱོང་དངུལ་དང་པུར་འཇུག་མ་དངུལ་སྒོར་ཁྲི16.4འགྲེམ་གཏོང་བྱས་པ་མ་ཟད། གོང་རིམ་ལ་མ་དངུལ་སྒོར་ཁྲི400བརྩོན་ལེན་བྱས་ཏེ་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོ་མ་དངུལ་དུས་ལྟར་འགྲེམ་གཏོང་བྱས་པ་དང་། ཁེ་ལས་ནས་ལས་འཁྱུར་ངལ་གསོ་མི་སྣ229གཞིས་ཁུལ་དོ་དམ་གྱི་གྲས་སུ་བཞག །