མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་ཞིང་ཆེན་ས་གནས་ཁྲལ་བསྡུ་ཅུའུ་དང་ཧྲང་ཧེ་མེན་ཧང་ཁུལ་གྱིས་རྡོ་མཁར་གནའ་རྫོང་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་ཕུལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-01-29 10:24

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཚེས28ཉིན།  ཡུན་ནན་ཞིང་ཆེན་ས་གནས་ཁྲལ་བསྡུ་ཅུའུ་ཡིས་སེམས་ཀྱི་ཉི་ཟླ་རྫོང་རྡོ་མཁར་གནའ་རྫོང་གནོད་ཐེབས་ས་ཁུལ་མ་སྒོར་ཁྲི300དང་།  ཧྲང་ཧེ་མེན་ཧང་ཁུལ་ཏང་ཨུ་དང་།  ཁུལ་མི་དམངས་སྲིད་གཞུང་གིས་རྡོ་མཁར་གནའ་རྫོང་གནོད་ཐེབས་ས་ཁུལ་ལ་སྒོར་ཁྲི100བཅས་ཞལ་འདེབས་སུ་ཕུལ་ནས།  གནོད་ཐེབས་མང་ཚོགས་ཀྱིས་གནོད་འཚེ་ལ་ཕམ་པར་རྒྱལ་ཏེ།  སྔ་མོ་ནས་ཁྱིམ་གཞིས་གསར་བ་བསྐྱར་སྐྲུན་བྱེད་དགོས་པའི་སྐུལ་མ་བཏང་། 

མེ་སྐྱོན་ལ་སྙིང་རྗེ་མེད་ཀྱང་།  མི་ཡུལ་ལ་བརྩེ་བ་ཡོད་ཞེས་པའི་དཔེ་ལྟར།  སེམས་ཀྱི་ཉི་ཟླ་རྫོང་རྡོ་མཁར་གནའ་རྫོང་དུ་མེ་སྐྱོན་བྱུང་རྗེས།  རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་།  སྤྱི་ཚོགས་ལས་རིགས་སོ་སོས་དོ་སྣང་ཆེན་པོ་བྱས་པ་དང་ཧུར་ཐག་སྒོས་མ་དངུལ་དང་དངོས་ཟོག་སོགས་ཞལ་འདེབས་སུ་ཕུལ་བ་དང་།  གནོད་ཐེབས་མང་ཚོགས་དཀའ་ཁག་ལས་ཐར་བར་རོགས་འདེགས་བྱས།  ཡུན་ནན་ཞིང་ཆེན་ས་གནས་ཁྲལ་བསྡུ་ཅུའུ་ཡི་ཅི་ཀྲིང་ཁྲིན་ཅན་ཀའོ་ཡིས་ཡུན་ནན་ཞིང་ཆེན་ས་གནས་ཁྲལ་བསྡུ་ཅུའུ་ཡི་ཚབ་བྱས་ནས་བདེ་ཆེན་ཁུལ་གྱི་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་།   ཧྲང་ཧེ་མེན་ཧང་ཁུལ་ཏང་ཨུ་དང་མི་དམངས་སྲིད་གཞུང་གིས་ཀྱང་གནོད་ཐེབས་མང་ཚོགས་ཀྱིས་དཀའ་ཁག་ཁྱད་དུ་བསད་ནས།  ཏང་ཨུ་དང་སྲིད་གཞུང་གིས་ཡང་དག་པའི་འགོ་ཁྲིད་འོག  སྔ་མོ་ནས་ཐོན་སྐྱེད་སླར་གསོ་བྱེད་པ་དང་མཉམ་གཅིག་ཏུ་མཛེས་སྡུག་གི་ཁྱིམ་གཞིས་གསར་སྐྲུན་བྱེད་དགོས་པའི་སྐུལ་མ་བཏང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག