མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-29 10:24

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ1ཚེས20ཉིན་གྱི་ཕྱི་དྲོ།ཡུན་ནན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་ཁུན་མིང་ཡུན་ནན་ཧའེ་ཀེང་ཚོགས་ཁང་དུ་གཟབ་རྒྱས་ངང་འཚོགས།

ཐེངས་འདིའི་གྲོས་ཚོགས་ཐོག་ཕེབས་འོས་པའི་འཐུས་མི་629ཡོད་ལ།དངོས་སུ་ཕེབས་པའི་འཐུས་མི་596ཡོད་དེ།ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།

འགོ་ཚུགས་ཚོགས་ཆེན་དེ་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ལག་བསྟར་ཀྲུའུ་ཞི་ཆིན་ཀོང་རུང་གིས་གཙོ་སྐྱོང་གནང་བ་རེད།

ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་བཞེས་མཁན་ད་དུང་ཆིའུ་ཧོ་དང་ལུའོ་ཀྲེང་ཧྥུ།ཀྲང་ཐན་ཞིན།ཧོང་དབྱི།མུའུ་སུའུ་ཐེ།ཁུང་ཁྲུའེ་ཀྲུའུ། དབྱང་ཡིང་ནན།དབྱང་པའོ་ཅན།ཀྲང་པེ་རུའུ།ཏའོ་ལིན་དབྱིན།ཝང་ཧྲུའུ་ཧྥུན།དབྱང་ཀོང་ཡའོ།པེ་པའོ་ཞིན།ཏིང་ཡན་པོ།ཧྲི་ཀྲེང་ཅེ།ལིའུ་ཅན་ཧྭ།ལི་ཀྲེང་དབྱང་།ཧོ་ཐན་ཁྲུན།ཀྲང་ཐེ་ཡོན།ཀའོ་ཅིན་སུང་བཅས་ཡོད་པ།

ཕྱི་དྲོའི་ཆུ་ཚོད་3པར།ཆིན་ཀོང་རུང་གིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ།ཚོགས་རར་ཡོད་པའི་ལྷན་རྒྱས་ཡར་ལངས་པ་དང་།རྔམ་བརྗིད་ལྡན་པའི་རྒྱལ་གླུ་ཚོགས་རའི་ནང་དུ་གྲག་པ།

དགའ་སྤྲོ་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཞིང་ཆེན་གྱི་འགོ་འཛིན་ལི་ཅི་ཧེང་གིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་ལས་དོན་གྱི་སྙན་སེང་ཞུས་པ་རེད།སྙན་ཞུ་དེ་ཁྱོན་བསྡོམས་ཁག་3་བགོས་ཡོད་པ་སྟེ།2013ལོའི་ལས་དོན་ལ་ཕྱི་མིག་ལྟ་བ་དང་། 2014ལོའི་དམིགས་ཡུལ་ལས་འགན། 2014ལོའི་ལས་དོན་གཙོ་བོ་བཅས་རེད།

སྙན་ཞུའི་ཐོག་ན་ནིང་གི་ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱས་ཤིང་།2013ལོར།ཞིང་ཆེན་ཡོངས་ལ་སྤྱིའི་ཐོན་ཚད་རིན་ཐང་21.%འཕར་ཡོད་ལ།སྤྱི་ཚོགས་གཏན་འཇགས་རྒྱུ་ནོར་གྱི་མ་གཏོང་ཁྲི་དུང་ཕྱུར་གྱི་སྟེགས་རིམ་དུ་སླེབས་པ།གཞི་ཁྱོན་ཡས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་གཏོང་27.4%འཕར་བ།ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་20.4%འཕར་བ།སྤྱི་ཚོགས་འཛད་རྫས་ཀྱི་སིལ་འཚོང་བསྡོམས་འབོར་14%འཕར་བ།གྲོང་རྡལ་སྡོད་མིའི་བཀོལ་སྤྱོད་ཆོག་པའི་ཆ་སྙོམས་ཡོང་འབབ་11%ཙམ་འཕར་བ།ཞིང་པའི་ཆ་སྙོམས་ཡོང་འབབ་གཙང་མ་14%འཕར་བ།དམིགས་ཚད་གཙོ་བོའི་འཕར་གནས་དེ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་གནས་ཡོད་ལ།ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་གཏན་འབེབས་བྱས་པའི་དམིགས་ཡུལ་ལས་འགན་ཁག་ཕལ་ཆེར་གྲུབ་ཚར་བས།སྐབས་འདིའི་སྲིད་གཞུང་གི་ལས་དོན་ལ་འགོ་ཡག་པོ་ཞིག་ཚུགས་རྒྱུ་དངོས་སུ་གྲུབ་ཡོད་པ་རེད།

སྙན་ཞུའི་ཐོག་ད་ལོའི་སྲིད་གཞུང་ལས་དོན་གྱི་སྤྱི་ཁོག་གི་བླང་བྱ་བཏོན་པ་སྟེ།ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ།ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ།ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྱི་གྲོས་ཚོགས་དང་ཞིང་ཨུའི་སྐབས་དགུ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པ།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བྱེད་པ།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རབ་དང་རིམ་པའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ།“སྟོབས་ལྡན་གཉིས་དང་གྲུ་ཁ་གཅིག”འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་ཡུལ་ལ་དམ་པོར་དམིགས་ཏེ།བརྟན་ཐོག་འཕེལ་རྒྱས་ཡོང་རྒྱུའི་སྤྱིའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ནས།བསྒྱུར་བཅོས་གསར་གཏོད་བྱ་རྒྱུ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཡོངས་ཀྱི་ལྷུག་ཚིགས་སོ་སོར་ཁྱབ་པར་བྱེད་པ་དང་།བསྒྱུར་བཅོས་ལ་བརྟེན་ནས་ཁྲོམ་རའི་གསོན་ཤུགས་སྐུལ་བ་དང་བསྒྱུར་བཅོས་ལ་བརྟེན་ནས་ལེགས་སྒྲིག་དང་དཔེ་དབྱིབས་བསྒྱུར་བ།བསྒྱུར་བཅོས་ལ་བརྟེན་ནས་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།བསྒྱུར་བཅོས་ལ་བརྟེན་ནས་དམངས་འཚོ་ལེགས་སུ་གཏོང་བ་བཅས་བྱས་པ་དང་།བརྟན་ཐོག་མགྱོ གས་རྒྱུ་ཡོད་ལ་བརྟན་ཐོག་སྤུས་སྤར།བརྟན་ཐོག་ལས་ཆོད་སྤར་བ་བཅས་བྱས་ཏེ།ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་མུ་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་གཏོང་ཞིང་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ཡོང་རྒྱུ་ཁག་ཐག་ཏན་ཏིག་བྱེད་དགོས།

སྙན་ཞུའི་ཐོག་ད་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཡུལ་ལས་འགན་ལ་གྲོས་གཞི་བཏོན་པ་སྟེ།ཞིང་ཆེན་ཡོངས་ཀྱི་སྤྱིའི་ཐོན་ཚད་རིན་ཐང་11%ཡས་འཕར་རྒྱུ་ཡིན་པ་དང་།གཞི་ཁྱོན་ཡས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་གཏོང་24%ཡས་འཕར་བ།ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་12%འཕར་བ།སྤྱི་ཚོགས་འཛད་རྫས་ཀྱི་སིལ་འཚོང་བསྡོམས་འབོར་13%འཕར་བ།གྲོང་རྡལ་སྡོད་མིའི་བཀོལ་སྤྱོད་ཆོག་པའི་ཆ་སྙོམས་ཡོང་འབབ་11%འཕར་བ།ཞིང་པའི་ཆ་སྙོམས་ཡོང་འབབ་གཙང་མ་12%འཕར་རྒྱུ་བཅས་རེད།

སྙན་ཞུའི་ཐོག་ད་ལོར་ཕྱོགས་10ཡི་ཐད་ཀྱི་ལས་དོན་གཙོ་བོར་འབུར་དུ་ཐོན་ནས་དམ་འཛིན་བྱ་རྒྱུ་བཏོན་པ་སྟེ།ལས་ཆོད་ལྡན་པའི་དགོས་མཁོ་རྒྱ་སྐྱེད་བཏང་ནས་དཔལ་འབྱོར་མུ་མཐུད་དུ་བདེ་ཐང་ངང་འཕེལ་རྒྱས་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།“ཞིང་གསུམ”ལས་དོན་ལཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཞིང་ལས་གསོན་ཤུགས་ལྡན་པ་དང་ཞིང་པ་ཕྱུག་པོར་འགྱུར་བ།གྲོང་གསེབ་མཛེས་སྡུག་ལྡན་པར་འགྱུར་བར་སྐུལ་འདེད་གཏོང་བ།ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཤུགས་ཆེན་བྱེད་པ་དང་དཔལ་འབྱོར་ཀྱི་དཔེ་དབྱིབས་བསྒྱུར་མགྱོ གས་སུ་གཏོང་བ།རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཤུགས་ཆེན་བྱེད་པ་དང་ཤུགས་འཇོག་ནས་འཕེལ་རྒྱས་ཀྱི་འཆིང་སྒྲོག་དེ་སྒྲོལ་ཐབས་བྱེད་པ།སྒོ་འབྱེད་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་མགྱོ གས་སུ་གཏོང་ཞིང་མཐའ་མཚམས་ཀྱི་སྒོ་འབྱེད་ཆུ་ཚད་མཐོ་རུ་གཏོང་བ།དམངས་འཚོ་ཤུགས་ཡོངས་ཀྱིས་འགན་ལེན་དང་ལེགས་སུ་གཏོང་ཞིང་།སྤྱི་ཚོགས་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས།ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་པོ་གསར་སྐྲུན་བྱེད་པ།དམངས་གཙོའི་ཁྲིམས་ལུགས་འཛུགས་སྤེལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཀྱི་བརྟན་ལྷིང་འཆམ་མཐུན་རྒྱུན་འཁྱོངས་བྱེད་པ།འགན་ནུས་བསྒྱུར་ནས་ལས་ཆོད་མཐོ་རུ་གཏོང་བ།ཁྲིམས་སྐྱོང་སྲིད་གཞུང་དང་ཞབས་འདེགས་ཅན་གྱི་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ་བཅས་རེད།

གྲོས་ཚོགས་ཀྱི་གྲོས་རིམ་ལྟར།ཚོགས་ཆེན་གྱིས་ཡིག་ཐོག་གི་རྣམ་པས་འཐུས་མི་ལ་ཡུན་ནན་ཞིང་ཆེན་གྱི་2013ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་ལག་བསྟར་གནས་ཚུལ་དང་2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ་དང་།ཡུན་ནན་ཞིང་ཆེན་2013ལོའི་ས་གནས་ནོར་སྲིད་ཀྱི་སྔོན་རྩིས་ཀྱི་ལག་བསྟར་གནས་ཚུལ་དང་2014ལོའི་ས་གནས་ནོར་སྲིད་ཀྱི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ་བཅས་ལ་ཞིབ་བཤེར་བྱེད་རྒྱུར་འབུལ་བ་རེད།

ཝང་ཞུའེ་རེང་དང་ལི་ཅང་།ཚའོ་ཅན་ཧྥང་།ཞིན་ཝའེ་ཀོང་།ཀྲའོ་ཅིན།ལི་ཕེ།ལི་ཧང་པའེ།ཀའོ་ཧྥང་།ཡུའེ་ཏིང་ཁྲེང་སོགས་འགོ་ཁྲིད་ཀྲུའུ་ཞིའི་སྡིངས་ཆར་བཞུགས་ཡོད།

ཀྲུའུ་ཞིའི་སྡིངས་ཆར་བཞུགས་མཁན་ད་དུང་ཞུས་རོང་ཁེ་དང་ལིའུ་ཧྲུའུ་ཧྲེང་།ཆི་ཧྲན།ཡན་ཡིའུ་ཆུང་།བྱམས་པ་རྒྱལ་མཚན་སོགས་ཞིང་ཆེན་གྱི་འགོ་ཁྲིད་རྒན་པ་ཡོད།

ཁྲིམས་བཀོད་ལྟར་ཟུར་ཞུགས་པའི་ཞིང་ཆེན་སྲིད་གཞུང་གི་གྲུབ་ཆའི་སྡེ་ཁག་གི་འགན་འཁུར་བ་དང་རང་ཞིང་ཆེན་གྱིས་བདམས་ཐོན་བྱུང་བའི་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་མིན་པའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་།ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པའི་ཨུ་ཡོན་དང་དེ་མིན་ཟུར་ཞུགས་རྒྱུར་གཏན་འབེབས་བྱས་པའི་མི་སྣ་གྲོས་ཚོགས་སུ་ཟུར་ཞུགས་པ་རེད།ཁུན་མིང་དུ་བཅའ་སྡོད་ཕྱི་རྒྱལ་བ་མི་8དང་ཁྲེང་ཏུའུ་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་གི་དཔོན་པོས་གདན་ཞུས་ལྟར་གྲོས་ཚོགས་ཟུར་ཉན་བྱས་པ་རེད།

ཟླ1ཚེས་24ཉིན་གྱི་ཕྱི་དྲོར།ཡུན་ནན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་ཕུན་སུམ་ཚོགས་པའི་ངང་གྲོས་རིམ་ཁག་གྲུབ་སྟེ།ཁུན་མིང་ནས་རྒྱལ་ཁའི་ངང་མཇུག་སྒྲིལ་བ།

གྲོས་ཚོགས་ཐོག་ཕེབས་འོས་པའི་འཐུས་མི་629ཡོད་ལ།དངོས་སུ་ཕེབས་མཁན་596ཡོད་པས། ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།

མཇུག་སྒྲིལ་ཚོགས་ཆེན་དེ་ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།ཚང་འཛོམས་གྲོ་ཚོགས་ཐེངས་གསུམ་པའི་ལག་བསྟར་ཀྲུའུ་ཞི་ཆིན་ཀོང་རུང་གིས་གཙོ་སྐྱོང་གནང་བ་རེད།

ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་བཞེས་མཁན་ད་དུང་ལིའུ་ཝེ་ཅ་དང་ལི་ཕེ།ཁུང་ཁྲུའེ་ཀྲུའུ།དབྱང་ཡིང་ནན།དབྱང་པའོ་ཅན།ཀྲང་པེ་རུའུ།ཏའོ་ལིན་དབྱིན།ཝང་ཧྲུའུ་ཧྥུན།པེ་པའོ་ཞིན།ཝང་ལི་ཞན།ཡང་ཅུན་ཆང་།ལིའུ་ཧའེ་ཧྥང་།ཅང་ཕུའུ་ཧྲེང་།ལི་ཞའོ་ཕིང་།ལི་མ་ལིན།ལི་ཚང་ཀོང་།དབྱང་ཡོན་ཞང་།ཀྲང་ཏེང་ལིའང་།ལུའོ་ཅེ།ཐུང་ཀྲི་ཡུན་བཅས་ཡོད།

པེ་ཨིན་ཕེ་དང་།ལི་ཅི་ཧེང་།ཆིའུ་ཧོ།ལུའོ་ཀྲེང་ཧྥུ།ཝང་ཞུའེ་རིང་།ལི་ཅང་།ཀྲང་ཐན་ཞིན།ཧོང་དབྱི།མུའུ་སུའུ་ཐེ།ཚའོ་ཅན་ཧྥང་།ཞིན་ཝེ་ཀོང་།ཀྲའོ་ཅིན།ལི་ཧང་པའེ།ཏིང་ཧྲའོ་ཞང་།ལིའུ་ཧུས་ཡིན།ཧྲིང་ཕེ་ཕིང་།དབྱིན་ཅན་ཡེ།ལིའུ་ཕིང་།པེ་ཁྲེང་ལིའན།མ་ཁེ་ཞན།ཙིང་ཧྭ།ལུའོ་ལི་ཧུས།ནའེ་ཧུས་ཧྥང་།ཝང་ཁྲེང་ཚེ།ཡུའེ་ཏིང་ཁྲེང་།ཀྲང་ཞུའེ་ཆུན།ཝང་ཐན་ཧའེ།དབྱང་ཀོང་ཡའོ།ཏེང་ཀྲི་ཕིང་།ལི་ཧུང་ཅུན།ཀྲང་ཀུས་པའོ་སོགས་འགོ་ཁྲིད་ཀྲུའུ་ཞི་སྡིངས་ཆར་བཞུགས་ཡོད།

ཚོགས་ཆེན་གྱིས་བརྡས་ཐག་གཅོད་པའི་ཚུལ་གྱིས་ཡུན་ནན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་ཡུན་ནན་ཞིང་ཆེན་2013ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཀྱི་ལག་བསྟར་གནས་ཚུལ།2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་སྐོར་གྱི་གྲོས་ཆོད།ཡུན་ནན་ཞིང་ཆེན་2013ལོའི་ས་གནས་ནོར་སྲིད་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་དང་2014ལོའི་ས་གནས་ནོར་སྲིད་ཀྱི་སྔོན་རྩིས་སྐོར་གྱི་གྲོས་ཆོད།ཡུན་ནན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད།ཡུན་ནན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད།ཡུན་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་བཅས་ལ་བརྡས་ཐག་གཅོད་ནས་གྲོས་འཆམ་བྱུང་བ་རེད།

ཆིན་ཀོང་རུང་གིས་ཀྲུང་གུང་ཡུན་ནན་ཞིང་ཨུ་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ།འཐུས་མི་ཡོངས་དང་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་ཞུས་ནས།ཚོགས་ཆེན་ཕུན་སུམ་ཚོགས་པའི་ངང་གྲུབ་པར་རྟེན་འབྲེལ་ཞུས་པ་རེད།

ཆིན་ཀོང་རུང་གིས་གསུང་བཤད་ཐོག ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བསྒྱུར་བཅོས་འཐབ་ཇུས་ཀྱི་དགོངས་པས་ཚན་རིག་གི་མཛུབ་སྟོན་དུ་བྱས་ནས།བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཡང་དག་པའི་བྱེད་ཕྱོགས་དེ་དམ་པོ་འཛིན་དགོས་ཤིང་།དུས་དང་རྣམ་པ་ཀུན་དུ་བསམ་བློ་དང་གསལ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ།ལངས་ཕྱོགས་བརྟན་པོ་རྒྱུན་འཁྱོངས་བྱེད་པ།ཡང་དག་དང་གནད་ཐིག གོ་རིམ་ལྡན་པ།མཐུན་སྦྱོར་བཅས་ངང་ནས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས།ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་བསྒྱུར་བཅོས་ཀྱི་ཆེས་མདུན་ཕྱོགས་སུ་ལངས་པ་དང་བསྒྱུར་བཅོས་ཀྱི་གཡུལ་ས་དང་པོར་བྱ་བ་བསྒྲུབས་ཏེ།བསྒྱུར་བཅོས་ཀྱི་རང་རྟོགས་རྩ་འཛུགས་བྱེད་མཁན་དང་ལག་བསྟར་བྱེད་མཁན།སྐུལ་འདེད་གཏོང་མཁན་བཅས་བྱེད་དགོས།

ང་ཚོས་བསམ་བློ་བཅིངས་འགྲོལ་གཏོང་རྒྱུ་དེ་བྱ་སྤྱོད་ཀྱི་སྣེ་ཁྲིད་དུ་བྱས་ནས།བློ་ཐག་ཆོད་པོས་འཕེལ་རྒྱས་ལ་བཀག་འགོག་བྱེད་པའི་བསམ་བློའི་འདུ་ཤེསལས་སྒྲོལ་བ་དང་།བློ་ཐག་ཆོད་པོས་འཕེལ་རྒྱས་ལ་བཀག་འགོག་བྱེད་པའི་བྱ་ཐབས་དང་འདུ་ཤེས་མཐའ་དག་འགྱུར་ལྡོག་གཏོང་བ།བློ་ཐག་ཆོད་པོས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་ལམ་ལུགས་ཀྱི་གནོད་གཞི་ཀུན་མེད་པར་བཟོས་ནས།ཞིང་ཆེན་གྱི་གནས་ཚུལ་གྱི་ཐོག་ཏུ་རྐང་འཛུགས་ཏེ་བསྒྱུར་བཅོས་མུ་མཐུད་དུ་གཏིང་རིང་དུ་འཕེལ་རྒྱས་བཏང་ནས།ཡུན་ནན་གྱི་དཔལ་འབྱོར་དང་ཆབ་སྲིད།སྤྱི་ཚོགས།རིག་གནས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཀྱི་འཕེལ་རྒྱས་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས།

ང་ཚོས་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་དེ་ལས་དོན་གྱི་དོན་སྣེ་ཁྲིད་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་ནུས་ལྡན་བྱེད་དགོས།མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བའི་རེ་སྨིན་དེ་བསྒྱུར་བཅོས་ཀྱི་ཆེས་མཐའ་མའི་དམིགས་ཡུལ་དུ་བྱས་ནས།མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་དམིགས་ནས་བསྒྱུར་བཅོས་ཀྱི་བསམ་ཕྱོགས་ཇུས་འགོད་བྱེད་པ་དང་།བསྒྱུར་བཅོས་ཀྱི་བྱ་ཐབས་གཏན་འབེབས་བྱེད་པ།ནུས་ཤུགས་གང་ཡོད་ཀྱིས་བྱ་བ་སྒྲུབ་པ་དང་ནུས་པ་ལ་གཞིགས་ནས་བྱ་བ་སྒྲུབ་བའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས།སྔར་བས་དམངས་འཚོར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་།རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མིག་དཔེ་བྱེད་རྒྱུ་བརྩོན་ལེན་བྱེད་པ།མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་བསྡུར་གྲངས་དང་ཡིད་ཚིམ་ཚད་བསྡུར་གྲངས་མུ་མཐུད་དུ་མཐོར་འདེགས་གཏོང་དགོས།

ང་ཚོས་མང་ཚོགས་ཀྱི་ལམ་ཕྱོགས་ནི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།མི་རིགས་ཁག་གི་མང་ཚོགས་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་གསར་སྐྲུན་རང་བཞིན་ལ་སྐུལ་སློང་གཏོང་དགོས་ཤིང་།མི་དམངས་གཙོ་གྲུབ་ཀྱི་གོ་གནས་ལ་བརྩི་འཇོག་བྱེད་པ་དང་།མང་ཚོགས་ཀྱིས་ཐོག་མར་གསར་སྐྲུན་བྱེད་པའི་སྙིང་སྟོབས་འདོན་སྤེལ་བྱེད་པ།མི་དམངས་ལ་ཚགས་དམ་པོར་བརྟེན་ནས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ།བསྒྱུར་བཅོས་ཀྱི་དྲང་ནུས་དེ་གོང་བུར་འགྲིལ་གང་ཐུབ་བྱེད་དགོས།ཐོག་མཐའ་བར་གསུམ་དུ་“གཏིང་ཟབ་ཏུ་ཞུགས་པ་གསུམ”དང་“དུད་འབྲེལ་བཞི”ཡི་མང་ཚོགས་དང་ཐད་ཀར་འབྲེལ་གཏུག་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་།མང་ཚོགས་ཀྱི་ལས་དོན་སྒྲུབ་ཐབས་མུ་མཐུད་དུ་གསར་སྐྲུན་བྱེད་པ།ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་སེམས་འབྲེལ་བྱེད་པ་དང་བདེ་སྡུག་མཉམ་མྱོང་དང་མཉམ་དུ་འབད་འཐབ་བྱེད་དགོས།

ང་ཚོས་སྤྱོད་ཚུལ་ལེགས་པོ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཕན་ཡོད་ཀྱི་འགན་ལེན་དུ་བྱས་ནས།བསྒྱུར་བཅོས་འཕེལ་རྒྱས་ཀྱི་དམིགས་ཚད་ཁག་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ།སྤྱོད་ཚུལ་འཛུགས་སྤེལ་དེ་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྒུལ་ཤུགས་སུ་བྱེད་པ་དང་།སྤྱོད་ཚུལ་བཟང་པོ་ལ་བརྟེན་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་བསྒྱུར་བཅོས་གཏོང་རྒྱུ་འགན་ལེན་བྱེད་དགོས།འབོར་ཐེངས་དང་པོའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་ཏུ་གཏོང་དགོས་པ་དང་འབོར་ཐེངས་གཉིས་པའི་སློབ་གསོ་ལག་བསྟར་བྱེད་སྒོའི་བྱ་ཐབས་ཁག་ལག་བསྟར་ཏན་ཏིག་བྱེད་དགོས་ཤིང་།སློབ་གསོ་ལག་བསྟར་བྱེད་སྒོ་ལ་སྐུལ་འདེད་གཏོང་བ་དང་བསྒྱུར་བཅོས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས།ཧུར་ཐག་གིས་མི་དམངས་མང་ཚོགས་ཡིད་ཚིམ་་པའི་དངོས་ཕན་ཐོབ་པར་འབད་བརྩོན་བྱེད་དགོས།

ཀྲུའུ་ཞིའི་སྡིངས་ཆར་བཞུགས་མཁན་ད་དུང་ལིའུ་ཧྲུའུ་ཧྲིང་དང་།ཆི་ཧྲན།ཡན་ཡིཆོན།པའོ་ཡུང་ཁམས།ཀྲའོ་ཁུན།ཡན་ཡིའུ་ཆུང་།བྱམས་པ་རྒྱལ་མཚན།ལི་ཁྲུན་ལིན།ལི་མིང་ཏའེ།ལི་ཞན་ཡའོ།ཀོང་གོ་ཀྲུང་།ཁྲིང་ཞུན་རུའུ།ཝང་ཞུའེ་ཀྲི།ཀྲའོ་ཧྲི་ཅེ་སོགས་འགོ་ཁྲིད་རྒན་པ་ཡོད།

ཚོགས་ཆེན་དེ་རྒྱལ་གླུའི་ཁྲོད་དུ་མཇུག་སྒྲིལ་བ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག