མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

རྩོམ་སྒྲིག་པ་དབྱངས་ཅན་ལྷ་མོར་མཐའ་མཚམས་རྩོམ་རིག་བྱ་དགའ་ཐོབ་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-28 10:33

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས21ཉིན། སྐབས་དང་པོའི་ཅིན་ཧྲེང་ཁག་ཐེག་མཐའ་མཚམས་རྩོམ་རིག་གི་བྱ་དགའ་ཆེན་མོའི་གཟེངས་བསྟོད་དགོང་ཚོགས་དེ་ཁུན་མིན་འཛམ་གླིང་དངོས་མང་བཤམས་སྟོན་ཁང་དུ་འཚོགས་པ་རེད། བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་རྩོམ་སྒྲིག་པ་དབྱངས་ཅན་ལྷ་མོས་བརྩམས་པའི《རྡོ་མཁར་རྫོང་གི་སྒོ་ཨང13པ》ཞེས་པའི་བརྩམས་ཆོས་ལ་ཐུང་གྲས་བརྩམས་སྒྲུང་གི་བྱ་དགའ་ཐོབ།

འདེམས་བསྐོ་ཨུ་ཡོན་གྱི་དཔྱད་བརྗོད་ནང་དོན་ནི། དབྱངས་ཅན་ལྷ་མོའི་བརྩམས་སྒྲུང་ནི་གྲངས་ཉུང་མི་རིགས་ཀྱི་བུད་མེད་རྩོམ་པ་པོའི་ནང་ལས་ཆེས་དེང་རབས་རང་བཞིན་ལྡན་པ་ཞིག་ཡིན། མོའི་བརྩམས་སྒྲུང་ལ་ཚིག་ཉུང་དོན་འདུས་དང་། འོས་ཤིང་འཚམ་པའི་བརྗོད་བྱའི་ནང་དོན་ལ་ཚོད་འཛིན་བྱེད་པའི་ཁྱད་ཆོས་ལྡན། མོས་བརྩམས་སྒྲུང་གི་སྨྱུག་རྩལ་ཡོད་རྒུ་བརྩམས་ཆོས་དེར་ལུས་མེད་དུ་མངོན་ཡོད་པས། བརྩེ་དུང་དང་འབྲེལ་བའི་སྒྲུང་གཏམ་དེར་ལྐོག་འགྱུར་གྱི་སྐྱོ་གདུང་ཞིག་མངོན་ཡོད།

གོ་རྟོགས་ལྟར་ན། མཐའ་མཚམས་རྩོམ་རིག་བྱ་དགའ་ཆེན་མོ་ནི་ཡུན་ནན་ཅིན་ཧྲེང་མ་དངུལ་སྡུད་པའི་ཁག་ཐེག་ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་སྒྲིག་འཛུགས་བྱས་པ་ཡིན། དཔྱད་བསྡུར་འདེམས་བསྐོའི་ཁྱབ་ཁོངས་ནི་2013ལོར་མཐའ་མཚམས་རྩོམ་རིག་ཞེས་པའི་དུས་དེབ་ཏུ་འགོད་པའི་བརྩམས་ཆོས་དག་ཡིན། བརྩམས་ཆོས་ཡག་པོ་དག་ལ་བྱ་དགའ་ལོན་ཐུབ་ཆེད། གཙོ་གཉེར་ལས་ཁུངས་ཀྱིས་དཔྱད་བརྗོད་པ་གྲགས་ཅན་ཧུའུ་ཕིང་དང་རྩོམ་པ་པོ་གྲགས་ཅན་ཡེ་མེ་ལ་སོགས་པའི་རྩོམ་རིག་སྐོར་གྱི་མི་སྣ་གྲགས་ཅན་གྱིས་གྲུབ་པའི་རྒྱལ་ཡོངས་ཆུ་ཚད་དང་ལྡན་པའི་དཔྱད་བསྡུར་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ཞིག་འཛུགས་པ་རེད། 2013ལོའི་ཟླ12པའི་ཚེས24ཉིན། དཔྱད་བསྡུར་འདེམས་བསྐོའི་ཨུ་ཡོན་ལྷན་ཁང་གིས་ཅིན་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྩོམ་འབྲིའི་ཞིབ་འཇུག་པུའུ་ཡི་ཚོགས་འདུ་ཁང་དུ་ཡང་ནས་ཡང་དུ་དཔྱད་བསྡུར་བཏང་མཐར། འདེམས་ཤོག་འཕེན་ནས་གསེར་གྱི་རྟགས་མའི་བྱ་དགའ1དང་། ཁེར་རྐྱང་གི་བྱ་དགའ་6འདེམས་པ་རེད། ཀྲང་ཝེའི་བརྩམས་སྒྲུང་འབྲིང་བར་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་པ་དང་། པོ་ཙེ་ཀང་དང་། དབྱངས་ཅན་ལྷ་མོ། ཅིང་ཏཱ། ཁྲེང་ཡན་ཆང་། ཝང་ཏན་ཏན། ཐང་ཀོ་བཅས་ཀྱི་བརྩམས་ཆོས་ལ་རིམ་བཞིན་དུ་འབྲིང་གྲས་བརྩམས་སྒྲུང་དང་། ཐུང་གྲས་བརྩམས་སྒྲུང་། ལྷུག་རྩོམ་དང་སྙན་ངག་གི་བྱ་དགའ་ཐོབ་པ་རེད།

དགོང་ཚོགས་ཐོག 2014ལོའི་སྐབས་གཉིས་པའི་མཐའ་མཚམས་རྩོམ་རིག་བྱ་དགའ་ཆེན་མོའང་དངོས་སུ་བྱེད་འགོ་བརྩམས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག