མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་འཐུས་མི་ཚོགས་པས་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-28 10:32

ཡུན་ནན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་བདེ་ཆེན་ཁུལ་འཐུས་མི།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས21ཉིན། ཡུན་ནན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་བདེ་ཆེན་ཁུལ་འཐུས་མི་ཚོགས་པའི་འཐུས་མི་ཚོས་ཁུལ་ཡོངས་ཀྱི་མི་གྲངས་ཁྲི་ཚོ40ལྷག་མི་རིགས་ཁག་གི་མི་དམངས་ཀྱི་རེ་འདུན་དང་མངག་བཅོལ་གལ་ཆེན་འཁྱེར་ནས་ཁུན་མིང་དུ་འཚོགས་པའི་གྲོས་ཚོགས་སུ་ཕེབས་ཏེ། གང་བསམ་དེ་བཤད་ཀྱིས་མཉམ་དུ་ཞིང་ཆེན་གྱི་འགོ་འཛིན་ལི་ཅི་ཧེང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་པ་དང་། འཆར་གཞི་དང་ནོར་སྲིད་ཀྱི་སྙན་ཞུར་ཞིབ་དཔྱད་བྱས་པ་རེད།

གྲོས་ཚོགས་དེ་བདེ་ཆེན་འཐུས་མི་ཚོགས་པའི་ཚོགས་གཙོ་ཀྲང་ཏེང་ལིའང་གིས་གཙོ་སྐྱོང་གནང་བ་རེད།

གྲོས་ཞིབ་བྱེད་པའི་བར་སྐབས་སུ། འཐུས་མི་རྣམས་ཀྱིས་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དེས་དངོས་ཐོག་བདེན་འཚོལ་དང་ཕྱོགས་ཡོངས་ནས་གྲུབ་འབྲས་ཕྱོགས་བསྡོམས་བྱས་པར་སྙམ་ལ། སྙན་ཞུ་ལ་ཉན་རྗེས་ཚང་མར་སྐུལ་ལྕག་ཐེབས་ཤིང་། 2013ལོའི་ཚུན་དུ། ཞིང་ཆེན་སྲིད་གཞུང་གིས་ཏན་ཏིག་ངང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྱི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཐེངས་བདུན་པ་སོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཤིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུའི་ཐབས་ཇུས་དང་བཀོད་སྒྲིག་ལ་གཞིགས་ནས་ལེགས་པོའི་ངང་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོས་ཁས་བླངས་པའི་དམིགས་འབེན་ལས་འགན་ཁག་ལེགས་འགྲུབ་བྱུང་བ་རེད།

འཐུས་མི་ཝང་ཧྲུའུ་ཧྥིན་གྱིས་སྙན་ཞུ་དེས་ཧུར་བརྩོན་ཡར་ཐོན་གྱི་རང་བཞིན་ལྡན་པ། དམིགས་འབེན་གཏན་འཁེལ་བྱས་པ་དང་། དོན་དངོས་དང་མཐུན་ཞིང་བཀོད་སྒྲིག་དམིགས་སར་འབྱོར་བ། རང་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་བདེ་བླག་དང་རྒྱུན་མཐུད་ངང་གོང་འཕེལ་མངོན་འགྱུར་བྱུང་བར་ཡིད་ཆེས་ཡོད་པ། འཆར་གཞི་དང་ནོར་སྲིད་ཀྱི་སྙན་སྒྲོན་གཉིས་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ཞིབ་ཕྲའི་ངང་ཁ་སྣོན་དང་། གསལ་བཤད། འགྲེལ་བཤད་བརྒྱབ་པ། སྙན་སྒྲོན་གསུམ་ལ་རྩ་བ་ནས་མོས་མཐུན་ཡོད་ཅེས་གསུང་བ་རེད། ཁོང་གིས་བསམ་འཆར་བཏོན་ཏེ། གཅིག་ནས་བསམ་བློ་གསར་གཏོད་བྱེད་པ་དང་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དགོས། གཉིས་ནས་སྔོན་རྩིས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་ཞིང་། ཕྱོགས་ཀུན་ལ་ཁྱབ་པ་དང་། ཚད་གཞི་དང་མཐུན་པ། ཡོངས་སུ་བསྒྲགས་ཤིང་དྭངས་གསལ་གྱི་སྔོན་རྩིས་ལམ་ལུགས་འཛུགས་དགོས། གསུམ་ནས་ཤུགས་ཆེན་གྱིས་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱས་ནས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གོང་དུ་སྤེལ་དགོས། བཞི་ནས་ཏན་ནུབ་བྱང་གི་གཞུང་ལམ་དང་། ལྕགས་ལམ། ཡུལ་སྐོར་ལས་རིགས་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་ནས། “སེམས་ཀྱི་ཉི་ཟླ་ཆེན་མོ”དང་“གཙང་གསུམ་མཉམ་བཞུར”ཏེ་སྤུས་རྟགས་གཉིས་ཡག་པོ་གཏོད་དེ། ཕྱོགས་ཡོངས་ནས་ཏན་ནུབ་བྱང་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་གོང་འཕེལ་ལ་སྐུལ་སྤེལ་གཏོང་དགོས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག