མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས་འགྲུལ་སྐྱེལ་བདེ་འཇགས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  2014-01-28 10:32

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་བྱ་ཐབས་སྣ་མང་ལ་བརྟེན་ནས་མང་ཚོགས་ལ་གོ་རིམ་ལྡན་པ་དང་། བདེ་འཇགས་ཀྱི་འགྲིམ་འགྲུལ་ཁོར་ཡུག་བསྐྲུན་པ་དང་། བྱ་ཐབས་གོ་ཆོད་ལ་བརྟེན་ནས། དོ་དམ་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ་གཞུང་ལམ་དོ་དམ་ནུས་པ་ཇེ་མཐོར་བཏང་བ་རེད།

གཞུང་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་ཞིབ་བཤེར་ཆེན་པོ་དང་། གཞུང་ལམ་གྱི་འགྲུལ་སྐྱེལ་བདེ་འཇགས་ལོ་ཞེས་པའི་ཆེད་གཉེར་བྱ་འགུལ་དང་། ལོ་གསར་སྐབས་ཀྱི་འགྲུལ་སྐྱེལ་ལས་ཀ་དང་སྦྲགས་ནས། གཙོ་བོ་ཞིང་གྲོང་གི་འགྲུལ་སྐྱེལ་རླངས་འཁོར་ལ་ཞིབ་བཤེར་བྱས་པ་རེད།

མི་དམངས་ཉེན་རྟོག་པ་རྩ་འཛུགས་བྱས་ནས་དུས་བཀག་ནས་འགྲུལ་སྐྱེལ་ཁེ་ལས་སུ་ཕྱིན་ཏེ་འགྲིམ་འགྲུལ་བདེ་འཇགས་སློབ་གསོ་སྤེལ་བ་དང་། འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བར་ལས་རིགས་ཀུན་སྤྱོད་དང་། བདེ་འཇགས་འདུ་ཤེས་ཀྱི་སློབ་གསོ་གཏོང་བ་རེད། ད་དུང་འགྲིམ་འགྲུལ་དོན་རྐྱེན་དག་ལ་དཔེ་བླངས་ནས། རླངས་འཁོར་གྱི་མྱུར་ཚད་ལ་སོགས་པའི་ཁ་ལོ་སྒྱུར་བའི་རྒྱུན་ཤེས་ཁྱབ་བསྒྲགས་བྱས་ནས། ཁ་ལོ་བས་དཔལ་ཡོན་ཅན་གྱི་འགྲིམ་འགྲུལ་དང་དཔལ་ཡོན་གྱི་བྱང་ཚད་བར་གྱི་འབྲེལ་བར་ངོ་འཛིན་འཛོལ་མེད་བྱས་ནས། འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་ཁྲིམས་ལུགས་ལ་རང་འགུལ་གྱིས་བརྩི་སྲུང་བྱེད་པ་དང་། འགྲིམ་འགྲུལ་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་རྩ་བ་ནས་མི་འབྱུང་བ་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་ཁ་ལོ་བའི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་དང་འཚུབ་བསྟུན་ནུས་པ་ཇེ་མཐོར་གཏོང་བ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག