མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་རྫོང་གིས་དགོན་སྡེ་སོ་སོར་དྲོད་འཁོལ་བསྐྱལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-01-28 10:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས22ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ཏང་ཨུའི་འགོ་ཁྲིད་ཀྱིས་བྱ་བའི་ཚན་ཆུང་སྣེ་ཁྲིད་ནས་བདེ་ཆེན་རྫོང་གི་དགོན་སྡེ་སོ་སོར་སོང་སྟེ་གྲྭ་བཙུན་རྣམས་ལ་ལོ་སར་གྱི་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག  ཁོང་ཚོར་འཚམས་འདྲིའི་ལག་དངུལ་དང་དངོས་ཟོག་བསྐྱལ་ནས། རྫོང་ཏང་ཨུ་དང་དམངས་འཐུས་ཚོགས་ཆེན།  སྲིད་གཞུང་།  སྲིད་གྲོས་བཅས་ཀྱིས་ཆོས་ལུགས་མི་སྣར་ཐུགས་ཁུར་བྱེད་པར་མཚོན།

 བྱ་བའི་ཚན་ཆུང་གིས་དགོན་སྡེའི་གྲྭ་བཙུན་དག་དང་བཞུགས་མོལ་བྱས་པ་དང་། དགོན་སྡེའི་དོ་དམ་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས།  དགོན་སྡེའི་གྲྭ་བཙུན་ཚོས་ཆོས་ལུགས་ཡང་དག་སྤེལ་བ་དང་།  སྤྱི་ཚོགས་འཆམ་མཐུན་སོགས་ལ་བཏོན་པའི་ནུས་པར་གདེང་འཇོག་ལེགས་པོ་བྱས།  གྲྭ་བཙུན་ཚང་མའི་སྔར་ལས་ལྷག་པར་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་ལེགས་པོ་དར་སྤེལ་བྱས་པ་བརྒྱུད།  བདེ་ཆེན་རྫོང་གི་སྤྱི་ཚོགས་འཕེལ་རྒྱས་དང་བདེ་འཇགས་ལ་བྱས་རྗེས་གསར་བ་འཇོག་དགོས་པར་སྐུལ་འདེད་བྱས།

“8·28”“8·31”ས་འགུལ་བྱུང་རྗེས།  བདེ་ཆེན་རྫོང་ཏང་ཨུ་དང་སྲིད་གཞུང་གིས་བྱ་བའི་ཚན་ཆུང་མངགས་ནས་སྦྲ་གར་སོགས་དངོས་ཟོག་བསྐྱལ་ཡོང་བ་དང་གྲྭ་བཙུན་ཚོའི་དངོས་ཡོད་དཀའ་ཁག་སེལ་རོགས་བྱས་པས།  གྲྭ་བཙུན་ཚོས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་འགོ་ཁྲིད་ལ་རྒྱབ་སྐྱོར་དང་།  རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་ལེགས་པོ་རྒྱུན་འཁྱོངས་བྱས་ནས།  བདེ་ཆེན་རྫོང་གི་སྤྱི་ཚོགས་འཕེལ་རྒྱས་བདེ་འཇགས་ལ་སྐུལ་འདེད་བྱེད་རྒྱུ་ཡིན་པར་ཟེར།  །  

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག