མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་ཞིང་ཆེན་ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་གིས་བདེ་ཆེན་ཁུལ་གྱི་དཔལ་འབྱོར་ཡོངས་བཤེར་ལས་ཀར་གདེང་འཇོག་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-27 10:48

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས7ནས་ཚེས9ཉིན་གྱི་བར་དུ། ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་ཁུལ་འབོར་ཐེངས་གསུམ་པའི་རྒྱལ་ཡོངས་དཔལ་འབྱོར་ཡོངས་བཤེར་ལས་ཀར་ཐེངས་གཉིས་པའི་ཆེད་དམིགས་ལྟ་སྐུལ་ཞིབ་བཤེར་བྱས་པ།ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་གིས་སྙན་ཞུ་ལ་ཉན་པ་དང་གཞི་རིམ་དུ་སྐྱོད་ཅིང་འཚམས་འདྲི་ཞུས་པའི་བྱ་ཐབས་སྒོ་ནས། བདེ་ཆེན་ཁུལ་དཔལ་འབྱོར་ཡོངས་བཤེར་ལས་ཀར་ཁག་བཞི་དམིགས་སར་འབྱོར་བ་དང་ཁྱད་ཆོས་ཁག་དྲུག་ལྡན་པའི་གདེང་འཇོག་གནང་བ་རེད།

ཟླ1པོའི་ཚེས7ཉིན། བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་ཆེད་དོན་སྙན་ཞུའི་ཚོགས་འདུ་འཚོགས་ནས། ལྟ་བཤེར་ཚོ་ཆུང་ལ་རང་ཁུལ་གྱིས་དཔལ་འབྱོར་ཡོངས་བཤེར་ལས་ཀ་བསྒྲུབས་པའི་གནས་ཚུལ་ཞིབ་ཕྲའི་ངང་སྙན་སེང་ཞུས་པ། སྙན་སེང་ལ་ཉན་རྗེས། ལྟ་ཞིབ་ཚོ་ཆུང་གིས་སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་དང་ཉི་ཤར་ཤང་། འཇོལ་རྫོང་གི་ཐང་སྟེང་ཤང་དང་ཧྲེན་ཕིང་གྲོང་རྡལ་སོགས་ས་ཆར་འཚམས་འདྲི་ཞུས་པ་རེད།

ཡུན་ནན་ཞིང་ཆེན་སྲིད་གཞུང་གི་ཆེད་དམིགས་ལྟ་སྐུལ་ཞིབ་བཤེར་ཚོ་ཆུ་གིས། ཐེངས་འདིའི་དཔལ་འབྱོར་ཡོངས་བཤེར་ལས་ཀའི་ཁྲོད་དུ། བདེ་ཆེན་ཁུལ་གྱིས་རྩ་འཛུགས་དམིགས་སར་འབྱོར་བ་དང་། དྲིལ་བསྒྲགས་དམིགས་སར་འབྱོར་བ། འགན་སྲུང་དམིགས་སར་འབྱོར་བ། དོན་འཁྱོལ་དམིགས་སར་འབྱོར་བ་བཅས་བྱས་ཡོད། དུས་སྐབས་སྔ་མའི་ལས་ཀ་གྲ་སྒྲིག་ཡག་པོ་བྱས་པ་དང་། ལས་ཀ་སོ་སོ་བདེ་བླག་ངང་བསྒྲུབས་པ། བྱ་ཐབས་ལ་སྟོབས་ཤུགས་ལྡན་པ། དྲིལ་བསྒྲགས་ལས་ཀའི་ཁྱད་ཆོས་འབུར་དུ་ཐོན་པ། ཡོངས་བཤེར་ལས་ཀའི་དམིགས་འབེན་ལས་འགན་གསལ་འབེབས་བྱས་པ་སོགས་ཁྱད་ཆོས6དོན་འཁྱོལ་བྱས་ཡོད་པ་སྙམ་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག