མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སྤྱི་ཚོགས་ལས་རིག་ཁག་གིས་རྡོ་མཁར་རྫོང་གི་མེ་སྐྱོན་གནོད་ཐེབས་མང་ཚོགས་ལ་ཞལ་འདེབས་ཕུལ་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-27 10:47

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས17ཉིན་གྱི་མཚན་མོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཉི་ཟླ་གླིང་གའི་གནས་སྐོར་ཞབས་ཞུ་སྡེ་ཁག་གིས་གཙོ་སྒྲུབ་བྱས་ཤིང་།《མར་མེ་ཚེ་འབར་ཏེ་སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་གི་མུག་སྐྱོབ་འོས་འཁྲབ》པེ་ཅིང་དུ་སྤེལ་བ། གླུ་མ་འཇམ་དབྱངས་སྒྲོལ་མ་དང་ཨ་ཅག་ཚན་སྡེབ། སི་ཆིན་གུ་རི་ལི། གླུ་བ་གྲགས་ཅན་སྐལ་བཟང་དོན་གྲུབ་དང་མ་ཎི་རྡོ་བརྐོས་རོལ་ཚོགས། ལིས་ཝུས་ཀྲིན་སོགས་འོས་འཁྲབ་དགོང་ཚོགས་སྟེང་ཕེབས་ནས་རྡོ་མཁར་རྫོང་གི་མེ་སྐྱོན་མྱུར་སྐྱོབ་དང་སླར་གསོ་བསྐྱར་སྐྲུན་ལ་བྱམས་སེམས་ཕུལ་ཞིང་། འཁྲབ་རར་ཡོད་པའི་ལྟད་མོ་བ་རྡོ་མཁར་རྫོང་གི་གནོད་ཐེབས་མང་ཚོགས་ལ་ཞལ་འདེབས་ཀྱི་དངུལ་ཕུལ་བ་རེད།

ཟླ1པོའི་ཚེས21ཉིན། ཁུལ་སྡོད་ཁང་འཛུགས་སྐྲུན་འཆར་འགོད་མ་ལག་གིས་རྒྱ་ཆེ་བའི་ལས་བྱེད་པ་དང་ཁེ་ལས་སྒྲིག་འཛུགས་བྱས་ནས། གནོད་ཐེབས་མང་ཚོགས་ལ་ཞལ་འདེབས་ཀྱི་དངུལ་སྒོར་ཁྲི24.895ཕུལ་བ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག