མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་འགྲུལ་སྐྱེལ་ཀུང་ཟིས་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་བདེ་འཇགས་ལ་ཁག་ཐེག་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-01-27 10:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ལོ་སར་སྐབས་ཀྱི་སྐྱེལ་འདྲེན་སྐབས་སུ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་འགྲུལ་སྐྱེལ་ས་ཚིགས་ཀྱིས་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ་དང་།  འགྲུལ་སྐྱེལ་རླངས་འཁོར་བདེ་བླག་ངང་འཁོར་སྤྱོད་བྱེད་པར་ཁག་ཐེག་བྱས།  ས་ཚིགས་འདིས་བདག་སྐྱོང་བྱེད་ཁོངས་ཀྱི་གཙོ་གནད་མངའ་ཁོངས་དང་རླངས་འཁོར་ལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་པ་མ་ཟད།  འགྲིམ་འགྲུལ་གཙོ་གནད་ས་ཁུལ་དུ་རླངས་འཁོར་མང་པོ་བཀོད་སྒྲིག་བྱས་ཏེ་སྐུ་མགྲོན་སྐྱེལ་འདྲེན་བྱེད་ཀྱིན་ཡོད།  ཟླ་དང་པོའི་ཚེས1ཉིན་ནས་ཚེས25ཉིན་བར།  ས་ཚིགས་འདིས་རླངས་འཁོར1576ཤར་གཏོང་བྱས་པ་དང་།  སྐུ་མགྲོན་མི་ཐེངས་ཁྲི31547བདེ་བླག་ངང་སྐྱེལ་འདྲེན་བྱས་པ་དང་ཉིན་རེའི་ཆ་སྙོམས་ཀྱིས་སྐུ་མགྲོན་མི་ཐེངས1300ཙམ་སྐྱེལ་འདྲེན་བྱེད་ཀྱིན་ཡོད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག