མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་རྫོང་གིས་སྤངས་རྩི་རོང་གྲོང་རྡལ་ས་འགུལ་གནོད་ཐེབས་ཁུལ་དུ་འཚམས་འདྲིའི་འཁྲབ་སྟོན་བྱ་འགུལ་སྤེལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-01-27 10:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ་དང་པོའི་ཚེས14ནས་ཚེས17ཉིན་བར།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ཏང་ཨུ་དང་།  རྫོང་སྲིད་གཞུང་།  རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་སོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་།   རྫོང་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་སྒྲུབ་འགན་ཁུར་བའི“8·28”、“8·31”ས་འགུལ་གནོད་ཐེབས་ཁུལ་གྱི་འཚམས་འདྲིའི་འཁྲབ་སྟོན་སྔ་གཞུག་ཏུ་སྤངས་རྩི་རོང་གྲོང་རྡལ་གྱི་རྟ་རི་སྡེ་བ་དང་ཏའོ་ཐོན་སྡེ་བ་ཏུ་འཁྲབ་སྟོན་བྱས།

འཁྲབ་སྟོན་ལས“ང་ཚོའི་ལག་ཟུང་གཅིག་ཏུ་སྦྲེལ་ནས།  དུད་ཁྱིམ་ཚང་མར་དྲོད་འཁོལ་སྦྱིན”ཞེས་བརྗོད་དོན་དུ་བཟུང་ནས།  གླུ་གར་སྣ་ཚོགས་བཀོད་སྒྲིག་བྱས་ཏེ་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ལ་སྔ་མོ་ནས་བདེ་སྐྱིད་ཀྱི་འཚོ་བ་དང་ཁྱིམ་གཞིས་གསར་སྐྲུན་བྱེད་དགོས་པའི་སྐུལ་མ་བཏང་།  ས་དེའི་སྡེ་མི་རྣམས་ཀྱིས་ཀྱང་འཚམས་འདྲིའི་འཁྲབ་སྟོན་ལ་ཕེབས་པའི་ལས་བྱེད་མི་སྣར་ཁོ་ཚོས་གནས་སྐབས་ཀྱི་སྒྲིག་བཟོ་བྱས་ཤིང་།  ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་བྲོ་འཁྲབ་སྟོན་བྱས་ནས།  ཏང་ཨུ་སྲིད་གཞུང་ལ་བཀའ་དྲིན་ཞུ་བ་དང་།  ཚང་མར་ཁོ་ཚོས་ཁྱིམ་གཞིས་གསར་བ་བསྐྱར་སྐྲུན་བྱེད་པའི་སྤོབས་སེམས་མངོམ།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག