མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་དྲོད་སྣང་བསྐྱལ་ནས་མང་ཚོགས་གཅེས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-26 10:58

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལོ་གསར་སླེབས་ཉེ་བ་དང་བསྟུན་ནས། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ལས་ཁུངས་ཁག་གིས་ལོ་གསར་མ་ཐོན་གོང་ལ་དབུལ་སྐྱོར་འབྲེལ་གཏུག་ས་ཚིགས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་ཞུས་པ་རེད།

ཉེ་སྔོན། བདེ་ཆེན་ཁུལ་སྲིད་གྲོས་ཀྱི་འཚམས་འདྲིའི་ཚོ་ཆུང་གིས་འབའ་ལུང་རྫོང་ཕང་ཐན་སྒང་ཤང་ཞིན་ཧྭ་གྲོང་སྡེར་ཟབ་ཞུགས་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་དང་ཏང་ཡོན་རྒན་པ། ལས་བྱེད་པ་རྒན་པ་ལ་འཚམས་འདྲི་ཞུས་པ་རེད། འཚམས་འདྲིའི་ཚོ་ཆུང་གིས་དཀའ་ངལ་ཡོད་པའི་ཞིང་དུད་50ལྷག་གི་མང་ཚོགས་ལ་འཚམས་འདྲི་ཞུས་ཤིང་། འཚམས་འདྲིའི་དངུལ་སྒོར78000བཀྲམ་པ་དང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ། དཀའ་ངལ་ཡོད་པའི་ངལ་རྩོལ་དཔེ་བཟང་ལ་འཚམས་འདྲི་བྱ་ཡུལ་སྣ3བགོས་ཡོད། དངུལ་སྒོར་ཁྲི70.76བཀོད་སྒྲིག་བྱས་ནས། ལོ་གསར་གྱི་ནང་དུ་དཀའ་ངལ་ཡོད་པའི་ལས་བྱེད་པ366དང་དཀའ་ངལ་ཡོད་པའི་ངལ་རྩོལ་དཔེ་བཟང་11ལ་འཚམས་འདྲི་ཞུ་རྒྱུ་རེད།

བདེ་ཆེན་ཁུལ་འགྲིམ་འགྲུལ་ཡན་ལག་རུ་ཁག་གིས་དབུལ་སྐྱོར་འབྲེལ་གཏུག་བྱེད་ཡུལ་འབའ་ལུང་རྫོང་ཕང་ཐན་སྒང་ཤང་མེ་ལུའོ་གྲོང་སྡེའི་ཀུའོ་ཙ་ཏི་དང་ཨ་ཁའེ་ལ་ཡུལ་མི་ཚོ་ཆུང་དུ་ཟབ་ཞུགས་བྱས་ནས། ལི་སུའུ་རིགས་ཀྱི་དཀའ་ངལ་ཡོད་པའི་ཞིང་དུད་102ལ་འཚམས་འདྲི་ཞུས་ཏེ། ཁོ་ཚོའི་ཐོན་སྐྱེད་འཚོ་བའི་གནད་དོན་སེལ་རོགས་བྱས་པ། ཁུལ་འགྲིམ་འགྲུལ་ཡན་ལག་རུ་ཁག་གིས་དངུལ་ཁྱོན་བསྡོམས་སྒོར20400ཞལ་འདེབས་ཕུལ་བ་དང་། སྐོལ་ཆས་དང་དགུན་ལྷམ། ཚ་དམ་སོགས་འཚོ་བའི་སྤྱོད་ཆས་སྤྲད་པ་རེད།

བདེ་ཆེན་ཁུལ་ལུས་རྩལ་ཅུས་ཀྱིས་འབའ་ལུང་རྫོང་འབའ་སྡེ་ཤང་ཀྲེན་ཕུར་གྲོང་སྡེར་ཟབ་ཞུགས་བྱས་ནས་འཚམས་འདྲི་ཞུས་ནས། རིན་ཐང་སྒོར་ཁྲི20ལྷག་ཡོད་པའི་དངོས་རྫས་སྤྲད་པ་དང་། འབྲེལ་གཏུག་བྱེད་པའི་ཞིང་དུད་32ལ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་རོགས་སྐྱོར་ཞལ་འདེབས་ཕུལ་བའི་མ་དངུལ་སྒོར8200སྤྲད་པ་མ་ཟད། ད་དུང་ལན་ཆིའུ་ཀྱག་སྒྲོམ་ཆ་གཅིག་སྤྲད་པ། བྱེད་སྒོ་སྤེལ་ས་འཛུགས་པར་གྲོན་དངུལ་སྒོར25000སོང་བ་རེད།

བདེ་ཆེན་ཁུལ་ལུས་རྩལ་ཅུས་ཀྱི་འགན་འཁུར་བས། ད་ཕྱིན། ཅུས་ཡོངས་ཀྱི་ལས་བྱེད་མི་སྣས་རྒྱུན་དུ་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་འཚམས་འདྲི་ཞུ་བ་དང་། ཡུལ་མིའི་ཐོན་སྐྱེད་འཚོ་བའི་གནས་ཚུལ་རྒྱུས་ལོན་བྱུང་བ། ཕུགས་ཕན་གྱི་རོགས་སྐྱོར་ལམ་ལུགས་འཛུགས་པ། ཕན་ནུས་ཐབས་ལམ་མང་པོའི་སྒོ་ནས། མང་ཚོགས་ལ་དངོས་གནས་ཀྱི་དཀའ་ངལ་ཐག་གཅོད་བྱས་ཏེ། ཐོན་སྐྱེད་ལ་སྐུལ་འདེད་བཏང་ཞིང་། ཡུལ་མིས་དབུལ་སྐྱོར་ཕྱུག་འགྱུར་ལ་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།

བདེ་ཆེན་ཁུལ་དང་འཇོལ་རྫོང་རྒྱ་གྲམ་དམར་པོའི་ཚོགས་པས་ཀོང་རྩེད་ར་གྲོང་རྡལ་གྱི་ས་འགུལ་བྱུང་བའི་ས་ཁུལ་དུ་ཞང་ཀང་རྒྱ་གྲམ་དམར་པོའི་ཚོགས་པའི་རོགས་སྐྱོར་རྒུད་སྐྱོབ་འབྲས་ཏུན20མི་རེ་ལ་སྤྱི་རྒྱ15ཡི་ཚད་གཞི་ལྟར། ཀོང་རྩེད་རལ་གྲོང་སྡེའི་ས་འགུལ་གྱི་གནོད་ཐེབས་མང་ཚོགས་ལ་སྤྲད་པ་རེད།

སེམས་ཀྱི་ཉི་ཟླ་རྫོང་གིས་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཧུར་ཐག་གིས་མི་སྣ་སྒྲིག་འཛུགས་བྱས་ནས་རྫོང་ཡོངས་ཀྱི་ལས་བྲལ་ངལ་གསོ་དང་ལས་འཁྱུལ་ངལ་གསོའི་ལས་བྱེད་པ་དང་དཀའ་ངལ་ཡོད་པའི་ཏང་ཡོན་རྒན་པ་དང་ལས་བྱེད་པ། ངལ་རྩོལ་དཔེ་བཟང་བཅས་ལ་ལོ་གསར་གྱི་འཚམས་འདྲི་ཞུས་ཏེ། ཏང་གི་དྲོ་སྐྱིད་དུད་ཚང་མང་པོར་སྐྱེལ་བ་རེད།

འབའ་ལུང་རྫོང་དམངས་ཆེན་ལས་ཁུངས་ཀྱི་ལས་བྱེད་མི་སྣ་འབྲེལ་གཏུག་དབུལ་སྐྱོར་ས་ཚིགས་པའོ་ཧོ་གྲོང་རྡལ་ལ་པཱ་གྲོང་སྡེར་སླེབས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་ཞུས་ཤིང་། དཀའ་ངལ་ཡོད་པའི་དུད་ཚང་40རེ་རེ་ལ་འཚམས་འདྲིའི་མ་དངུལ་སྒོར300སྤྲད་དེ། སྔ་ཕྱི་སྡེབ་རྩིས་བྱས་ན་སྒོར་ཁྲི1.2དང་། འབྲས་ཏུན5དང་། གོས་ཆས120 ཉལ་ཐུལ6སྤྲད་པ་རེད། གཞན་ཡང་། རྫོང་དམངས་ཆེན་ལས་ཁུངས་ཀྱིས་དབུལ་ཕོངས་རི་ཁུལ་གྱི་སློབ་གསོ་ལ་རོགས་རམ་བྱས་ཏེ། སློབ་ཞུགས་རོགས་དངུལ་ཁྱོན་བསྡོམས་སྒོར་ཁྲི2.5སྤྲད་པ་རེད།

ཡུལ་མི་ཞའོ་ཆིའུ་ཡིས་ན་ནིང་འབའ་ལུང་རྫོང་དམངས་ཆེན་གྱི་འགན་འཁུར་བ་པའེ་ཡན་ཙི་དུ་ཐེངས3ཡོང་ནས་གྲོང་སྡེའི་གནས་ཚུལ་རྒྱུས་ལོན་ཏེ། ཡུལ་མིའི་ཐོན་སྐྱེད་འཚོ་བར་ཡོད་པའི་དཀའ་ངལ་མང་པོ་སེལ་རོགས་བྱས་པ་མ་ཟད། ད་དུང་སྤོ་བདེ་ཀུང་སི་དང་མཐུན་སྦྱོར་བྱས་ཤིང་། རང་ཡུལ་དུ་སྤོ་བདེའི་ཁ་པར་རྒྱག་མི་ཐུབ་པའི་ལོ་རྒྱུས་མཇུག་སྒྲིལ་བ་རེད།

འབའ་ལུང་རྫོང་སྒྲིག་བཤེར་ཨུ་ལྷན་གྱིས་དབུལ་སྐྱོར་འབྲེལ་གཏུག་གྲོང་སྡེར་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྲིང་བལ་གྱི་ཉལ་ཆས་དང་འབྲས་ཏུན5 ལྷམ་ཆ300 ཕྱ20སོགས་སྤྱིའི་རིན་ཐང་སྒོར་ཁྲི25ཟིན་པའི་དངོས་རྫས་དང་འཚམས་འདྲིའི་མ་དངུལ་སྒོར10600བཀྲམ་པ་རེད།   །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག