མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་ཕོགས་ཐོབ་གཏོང་སྤྲོད་ལ་དམ་འཛིན་བྱས་ནས་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-26 10:58

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྔ་ལོར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་པ་ལས་མིའི་ཕོགས་ཐོབ་ཕྱིར་སྤྲོད་དུས་འགྱངས་བྱས་པར་ཐག་གཅོད་པའི་ལས་ཀ་གཙོ་བོར་བཟུང་ནས།ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ལས་ཀར་གྲུབ་འབྲས་ཡག་པོ་ཐོབ་ཡོད།2013ལོའི་ཟླ11པའི་ཚེས30ཉིན་གྱི་བར་དུ། ཁུལ་ཡོངས་ཀྱིས་ཐེར་འདོན་གོང་ཞུའི་གྱོད་དོན་ཁྱོན་བསྡོམས301བདག་སྤྲོད་བྱས་པ་དང་།ངལ་རྩོལ་པ5285དང་འབྲེལ་བ་ཡོད་ལ།ངལ་རྩོལ་པའི་ཕོགས་ཐོབ་སྒོར་ཁྲི3918རྗེས་སྤྲོད་བྱས་པ་རེད།

ན་ནིང་། རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་མཉམ་དུ་ཧུར་ཐག་བྱས་པར་བརྒྱུད་ནས།ཁུལ་ཡོངས་ཀྱི་རྫོང་གསུམ་དང་ཆུས་གཅིག་ཏུ་ཞིང་པ་ལས་མིའི་ཕོགས་ཐོབ་ཀྱི་ཁག་ཐེག་དངུལ་དང་ཡིད་རྟོན་དོ་དམ་ལམ་ལུགས་འཛུགས་པ་རེད།གཏན་འབེབས་ལ་གཞིགས་ནས།ཨར་ལས་འཛུགས་སྐྲུན་ལས་ཁུངས་ཀྱིས་ཨར་ལས་ཆོག་འཐུས་ལག་ཁྱེར་བཟོ་བ་དང་ལས་འགོ་འཛུགས་པའི་སྙན་སེང་ཞུ་བའི་སྔོན་དུ།ཨར་ལས་གན་རྒྱའི་གྲོན་དངུལ་བསྡུར་ཚད་གྱི3%ནི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་འཛུགས་པའི་ཞིང་པ་ལས་མིའི་ཕོགས་ཐོབ་ཁག་ཐེག་དངུལ་གྱི་ཆེད་གཉེར་རྩིས་ཐོའི་རྣམ་གྲངས་ལ་བཅོལ་དགོས་ཏེ།ཞིང་པ་ལས་མིའི་ཕོགས་ཐོབ་ཁག་ཐེག་དངུལ་ནི་འཛུགས་སྐྲུན་ཁྱབ་ཁོངས་སུ་ཞིང་པ་ལས་མིའི་ཕོགས་ཐོབ་ཕྱིར་སྤྲོད་དུས་འགྱངས་བྱེད་སྐབས་མཁོ་བསྟུན་དུ་ལས་མིའི་ཕོགས་ཐོབ་སྔ་འདོན་དུ་ཆེད་སྤྱོད་བྱས་པ་རེད།ཕོགས་ཐོབ་ཕྱིར་སྤྲོད་དུས་འགྱངས་མ་བྱེད་པ་ལ་ཨར་ལས་གྲུབ་ཟིན་པ་དང་ཞིབ་བཤེར་རྩིས་ལེན་བྱས་རྗེས་ཁག་ཐེག་དངུལ་གྱི་མ་སྐྱེད་དེ་དངུལ་བཅོལ་སའི་ལས་ཁུངས་ལ་ཕྱིར་སྤྲོད་པ་རེད།2013ལོའི་ཟླ11པའི་ཚེས30ཉིན་གྱི་བར་དུ།ཁུལ་ཡོངས་ཀྱིས་ཞིང་པ་ལས་མིའི་ཕོགས་ཐོབ་ཀྱི་ཁག་ཐེག་དངུལ་ཁྱོན་བསྡོམས་སྒོར་ཁྲི་3077.4དང་།ཁག་ཐེག་དངུལ་སྒོར་ཁྲི194.16ཕྱིར་སྤྲད་པ་རེད།

བདེ་ཆེན་ཁུལ་གྱིས་ཞིང་པ་ལས་མིའི་ཕོགས་ཐོབ་གཏོང་སྤྲོད་ཀྱི་ཡིད་རྟོན་དོ་དམ་ལམ་ལུགས་བཙུགས་ནས།འཛུགས་སྐྲུན་ཨར་ལས་ཀྱིས་སུས་འཇོན་དེ་འགུག་དང་སུས་འཇོན་དེ་ལེན་བྱས་པ་ལ་ཨར་ལས་སྡེ་ཚན་གྱིས་སུ་འཇོན་དེ་ལེན་བྱེད་སྐབས།ངེས་པར་དུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་འདོན་པའི་ཞིང་པ་ལས་མིའི་ཕོགས་ཐོབ་ཀྱི་གཏོང་སྤྲོད་ཡིད་རྟོན་དཔང་རྟགས་འབུལ་དགོས།ཕོགས་ཐོབ་ཕྱིར་སྤྲོད་དུས་འགྱངས་ཀྱི་ཐེར་འདོན་གོང་ཞུའི་གྱོད་གཞི་ཡོད་པ་མ་ཟད་ད་དུང་དུས་ཐོག་ཏུ་ཐག་གཅོད་བྱས་མེད་མཁན་གྱིས་དོན་དངོས་ལྟར་ཡིད་རྟོན་མི་ལེགས་པའི་དཔང་རྟགས་འདོན་དགོས་པ་དང་ཨར་ལས་གསར་པའི་སུས་འཇོན་དེ་ལེན་ལ་ཞུགས་མི་ཆོག ལོ་ནང་དུ་སུས་འཇོན་དེ་འགུག་དང་སུས་འཇོན་དེ་ལེན་གྱི་ཡིད་རྟོན་དཔྱད་བཤེར་དུད་ཐེངས་ཁྱོན་བསྡོམས་119ཟིན་པ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག