མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་2014ལོའི་ཐོན་སྐྱེད་ལས་ཀར་བཀོད་སྒྲིག་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-26 10:57

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས2014ལོའི་ཐོན་སྐྱེད་ལས་ཀའི་ཚོགས་འདུ་འཚོགས་པ། ཚོགས་འདུས་ནན་ཏན་གྱིས2013ལོའི་དུ་ལོའི་ཐོན་སྐྱེད་ལས་ཀར་ཕྱོགས་བསྡོམས་བྱས་ཤིང་། ད་སྔའི་དུ་ལོའི་ཐོན་སྐྱེད་ལས་ཀའི་གནས་བབ་དང་གནད་དོན་ལ་དབྱེ་ཞིབ་བྱས་པ་དང་། ད་ལོའི་དུ་ལོའི་ཐོན་སྐྱེད་ལས་ཀར་བཀོད་སྒྲིག་བྱས་པ་རེད།

ཤེས་གསལ་བྱུང་བ་ལྟར་ན། 2013ལོར་སེམས་ཀྱི་ཉི་ཟླ་རྫོང་གིས་བསྡོམས་ན་དུ་ལོ་སྐམ་ཁང169འཛུགས་པ། དེའི་ནང་ལས་ཝུའུ་ཅིང་ཤང་ལ24དང་། ཧྲང་ཅང་ཤང་ལ10 ཅིང་ཅང་གྲོང་རྡལ་ལ135ཡོད། ཆུ་མཛོད1དང་། ཆུ་རྐ23 རྨོ་འཕྲུལ་འགྲོ་ལམ7བཅས་འཛུགས་པར་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི200གཏོང་བ་རེད། ལོ་ཧྲིལ་པོར་དུ་ལོའི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི1.33ཡོད་པ་དང་། བསྡོམས་ན་གན་རྒྱ1647བཞག་པ་དང་གྲོང་མི་ཨུ་ཡོན་ལྷན་ཁང16དང་། དུད་ཁ1648དང་འབྲེལ་བ་ཡོད་པ། དེའི་ནང་ལས་ཝུའུ་ཅིང་ཤང་ལ་མུའུ900དང་། ཧྲང་ཅང་ཤང་ལ་མུའུ2800 ཅིང་ཅང་གྲོང་རྡལ་ལ་མུའུ9000 སྟག་མཆོང་གྲོག་རོང་གྲོང་རྡལ་ལ་མུའུ600ཡོད། རྫོང་ཡོངས་ཀྱིས་བསྡོམས་ན་དུ་ལོ་སྤྱི་རྒྱ་ཁྲི177.4འཚོང་བ་དང་། སྒོར་ཁྲི4132.3ལ་ཟིན། རིན་གོང་ནི་ཆ་སྙོམས་སུ་མུའུ་རེར་སྒོར3107.04ལ་ཟིན་པ་དང་། སྤྱི་རྒྱ་རེར་སྒོར23.29ཟིན་པ་རེད།

2014ལོར། སེམས་ཀྱི་ཉི་ཟླ་རྫོང་གིས་དུ་ལོ་མུའུ13600འདེབས་རྩིས་ཡོད་ལ་དུ་ལོ་རྒྱ་མ་ཁྲི340ཐོན་སྐྱེད་བྱ་རྒྱུ། དེའི་ནང་ལས་ཧྲང་ཅང་ཤང་ལ་མུའུ3000འདེབས་འཛུགས་བྱ་རྒྱུ་དང་། དུ་ལོ་རྒྱ་མ་ཁྲི75ཐོན་སྐྱེད་བྱ་རྒྱུ། ཅིང་ཅང་གྲོང་རྡལ་ལ་མུའུ9300འདེབས་འཛུགས་བྱ་རྒྱུ་དང་དུ་ལོ་རྒྱ་མ་ཁྲི232.5ཐོན་སྐྱེད་བྱ་རྒྱུ། ལྔ་ཤོག་ཤང་ལ་མུའུ900འདེབས་འཛུགས་བྱ་རྒྱུ་དང་དུ་ལོ་རྒྱ་མ་ཁྲི22.5ཐོན་སྐྱེད་བྱ་རྒྱུ། སྟག་མཆོང་གྲོག་རོང་གྲོང་རྡལ་ལ་མུའུ400འདེབས་འཛུགས་བྱ་རྒྱུ་དང་དུ་ལོ་རྒྱ་མ་ཁྲི10ཐོན་སྐྱེད་བྱ་རྒྱུ་ཡིན།

ཚོགས་འདུས་རེ་བ་བསྟན་པ་སྟེ། རིམ་པ་ཁག་དང་སྡེ་ཁག་སོ་སོས་རྫོང་ཡོངས་ཀྱི་དུ་ལོའི་འདེབས་འཛུགས་ལས་ཀའི་གནས་བབ་དང་གནད་དོན་ལ་ངོས་འཛིན་ཡག་པོ་བྱས་ནས། ལོ་གསར་པའི་ནང་དུ་གོམ་གང་མདུན་སྤོས་ཀྱིས་རྩ་འཛུགས་བྱེད་ཤུགས་ཇེ་ཆེར་གཏོང་སྟེ། དུ་ལོའི་འདེབས་འཛུགས་ལས་ཀར་ཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས། གོམ་གང་མདུན་སྤོས་ཀྱིས་དྲིལ་བསྒྲགས་བྱེད་ཤུགས་ཇེ་ཆེར་གཏོང་ནས། དུ་ལོའི་ཐོན་སྐྱེད་ལས་ཀའི་དྲིལ་བསྒྲགས་ཁོར་ཡུག་ཡག་པོ་བསྐྲུན་དགོས་པ་དང་། བྱ་ཐབས་སྣ་ཚོགས་ལ་བརྟེན་ནས2014ལོའི་དུ་ལོའི་ཐོན་སྐྱེད་ལས་འགན་དང་། བརྒྱུད་ཚོང་ལས་འགན་བསྒྲུབས་ནས། རྫོང་ཡོངས་ཀྱི་ཞིང་ལས་ཐོན་ལས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས།

ཚོགས་འདུའི་ཐོག2013ལོར་སེམས་ཀྱི་ཉི་ཟླ་རྫོང་གི་དུ་ལོའི་ཐོན་སྐྱེད་ལས་ཀའི་ཁྲོད་ཀྱི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ་དང་། སེམས་ཀྱི་ཉི་ཟླ་རྫོང་སྲིད་གཞུང་གིས་དུ་ལོ་འདེབས་འཛུགས་བྱེད་པའི་ཤང་དང་གྲོང་རྡལ་དང2014ལོའི་དུ་ལོ་ལས་ཀའི་འགན་འཁྲི་གན་རྒྱ་བཞག་པ་རེད།

སེམས་ཀྱི་ཉི་ཟླ་རྫོང་སྲིད་གཞུང་། ས་དམ་གྲོང་ཁྱེར་གྱི་རྡོ་ཐ་ཀུང་སི། སེམས་ཀྱི་ཉི་ཟླ་རྫོང་གི་རྡོ་ཐའི་ཐོན་ལས་ཀྱི་འགོ་ཁྲིད་ཚོགས་ཆུང་བཅས་ཀྱི་ཁོངས་མི་ལས་ཁུངས་ཀྱི་འགན་ཁུར་བ་ཚོགས་འདུར་ཞུགས་པ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག