མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་ནགས་ལས་ཅུའུ་ཡིས་སྐབས18པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས3པའི་དགོངས་དོན་ལ་སློབ་སྦྱོང་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-01-26 10:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ་དང་པོའི་ཚེས21ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནགས་ལས་ཅུའུ་ཏང་ཨུས་རིག་གཞུང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུང་བཤད་རབ་དང་རིམ་པ་དང་།  ཏང་གི་སྐབས18པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བདེ་ཆེན་ཁུལ་ཏང་ཨུས་སྐབས7པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་སོགས་སློབ་སྦྱོང་བྱས་པ་མ་ཟད།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་།  སྔར་ལས་ལྷག་པར་བསམ་བློ་བཅིངས་འགྲོལ་བྱེད་པ་དང་བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ནགས་ལས་བཅོས་བསྒྱུར་འཕེལ་རྒྱས་སྐུལ་འདེད་བྱེད་དགོས་པའི་བླང་བྱ་བཏོན།

 ཚོགས་ཐོག་ཏུ།  ཚོགས་ཞུགས་འགོ་ཁྲིད་ཀྱིས་ཏང་གི་སྐབས18པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཅི་ལྟར་ལག་ལེན་མཐར་ཕྱིན་བྱས་ཏེ་ནགས་ལས་བཅོས་བསྒྱུྲ་བྱ་བ་གཏིང་ཟབ་ཏུ་སྤེལ་བར་བསམ་བློ་བརྗེ་རེས་བྱས། 

  གྲོས་ཚོགས་ལས་ནགས་ལས་ཅུའུ་ཏང་ཨུས་གཅིག་གྱུར་སྒོས་འགོ་ཁྲིད་འོག རང་རང་གི་ལས་ཀ་གཏན་འཁེལ་བྱེད་པ་དང་ལས་འགན་དང་ལེན་བྱས་པ་བརྒྱུད།  བྱ་བའི་འབྱུང་ཡུལ་ནས་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པ་དང་།  དོ་དམ་ལམ་ལུགས་ནན་མོ་བཟོས་ནས་ནགས་ཚལ་ཐོན་ཁུངས་ལ་འགན་སྲུང་བྱེད་པ།  མ་དངུལ་འབོར་ཆེན་བཏང་སྟེ་སྐྱེ་ཁམས་སླར་གསོ་ལ་ཤུགས་སྣོན་དགོས་པ་བཅས་བསྟན།  །   

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག