མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་སྡོད་ཁང་འཛུགས་སྐྲུན་འཆར་འགོད་སྡེ་ཁག་གིས་རྡོ་མཁར་གནའ་རྫོང་གི་གནོད་ཐེབས་མང་ཚོགས་ལ་ཞལ་འདེབས་ཕུལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-01-26 10:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ་དང་པོའི་ཚེས21ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྡོད་ཁང་འཛུགས་སྐྲུན་འཆར་འགོད་སྡེ་ཁག་གིས་རྒྱ་ཆེའི་ལས་བཟོ་བ་དང་ཁེ་ལས་སོ་སོ་རྩ་འཛུགས་བྱས་ཏེ“ཕྱོགས་གཅིག་ལ་དཀའ་ཁག་བྱུང་ཚེ།  ཕྱོགས་ཡོངས་ཀྱིས་རོགས་འདེགས་བྱེད་དགོས་པའི”ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བྱས་ཏེ།  གནོད་ཐེབས་མང་ཚོགས་ལ་རོགས་དངུལ་སྒོར24.895ཧྲག་བསྡུ་བྱས་པ་དང་། གནོད་ཐེབས་མང་ཚོགས་ཀྱིས་མཛེས་སྡུག་གི་ཁྱིམ་གཞིས་གསར་སྐྲུན་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་ཕུལ།

ཡུལ་དངོས་སུ་ཞལ་འདེབས་མ་དངུལ་སྒོར་ཁྲི14.895ཧྲག་བསྡུ་བྱས་ཤིང་།  དེའི་ནང་སྡོད་ཁང་འཛུགས་སྐྲུན་འཆར་འགོད་སྡེ་ཁག་གི་རྒྱ་ཆེའི་ལས་བཟོ་བས་མ་དངུལ་སྒོར2.1དང་བདེ་ཆེན་ཁུལ་ཡུས་ལིན་བཟོ་སྐྲུན་རྒྱུ་ཆ་ཚད་ཡོད་ཀུང་ཟིས་མ་དངུལ་སྒོར་ཁྲི2།  སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་འཛུགས་སྐྲུན་ཀུང་ཟི་སོགས་ཁེ་ལས16གིས་བསྡོམས་པས་མ་དངུལ་སྒོར10.795།  སེམས་ཀྱི་ཉི་ཟླ་རྫོང་ཝུས་སོན་ས་ཁང་བདག་ཁོངས་གསར་སྤེལ་ཚད་ཡོད་ཀུང་ཟིས་མ་དངུལ་སྒོར་ཁྲི10བཅས་ཞལ་འདེབས་སུ་ཕུལ། 

སྡོད་ཁང་འཛུགས་སྐྲུན་ཅུའུ་ཡི་འགན་ཁུར་བས་བཤད་རྒྱུར།  བསྡུ་ལེན་བྱས་པའི་ཞལ་འདེབས་རོགས་དངུལ་ཡོངས་རྫོགས་ཞལ་འདེབས་ཕུལ་མཁན་གྱིས་འདོད་བློ་ལྟར།  དུས་ལྟར་ཞལ་འདེབས་མ་དངུལ་བདེ་ཆེན་ཁུལ་དམངས་སྲིད་ཅུའུ་རུ་སྤྲད་པ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག