མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

རྡོ་མཁར་གནའ་རྫོང་གི་གནོད་ཐེབས་དུད་ཁྱིམ18ཁང་གླ་དམའ་བའི་སྡོད་ཁང་དུ་སྤར་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-01-26 10:54

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་ནུས་ཤུགས་ཡོད་དགུ་བཏོན་ནས་རྡོ་མཁར་གནའ་རྫོང་གི་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱ་བ་ལེགས་པོ་སྒྲུབ།  ཟླ་དང་པོའི་ཚེས22ཉིན་བར།  དུད་ཁྱིམ18ཀྱི་གནོད་ཐེབས་མང་ཚོགས62སློབ་གྲྭའི་ཉེ་འགྲམ་གྱི་ཁང་གླ་དམའ་བའི་སྡོད་ཁང་དུ་སྤར་བ་དང་།  དུད་ཁྱིམ10ཡི་གནོད་ཐེབས་མང་ཚོགས30ཕྱིར་ཕ་ཡུལ་དུ་སྤྱོད་པ་དང་གཉེན་ཉེ་ཚང་དུ་སོང་སྟེ་གནམ་ལོ་གསར་བ་རོལ་བར་གྲ་སྒྲིག་བྱེད་ཀྱིན་ཡོད།  དུས་མཚུངས་སུ།  སེམས་ཀྱི་ཉི་ཟླ་རྫོང་དམངས་སྲིད་སྡེ་ཁག་གིས་གནོད་ཐེབས་མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་ཅི་ཐད་བྱས་ནས།  དུད་ཁྱིམ་རེར་དཀར་ཡོལ་དང་སླ་ང་།  མལ་ཁྲི་བཀོལ་རྫས།  འབྲས་དང་ཕྱེ།  ཟས་སྣུམ་དང་ཤ་སོགས་འཚོ་བའི་མཁོ་ཆས་འགྲེམ་གཏོང་བྱས་པ་དང་།  འགྲིམ་འགྲུལ་སྡེ་ཁག་དང་མཐུན་སྦྱོར་མཉམ་འབྲེལ་བྱས་ནས་ཉིན་རེའི་དུས་ཚོད་ཕྱེད་ཀ་ནང་སྤྱི་སྤྱོད་རླངས་འཁོར་གཅིག་རེ་ཤར་གཏོང་བྱེད་ཀྱིན་ཡོད་པས།  ཁང་གླ་དམའ་བའི་སྡོད་ཁང་དུ་འཚོ་སྡོད་བྱས་ཡོད་པའི་མང་ཚོགས་ཕྱིར་འགྲོ་དཀའ་བའི་གནད་དོན་ཐག་བཅད་པ་རེད།  མིག་སྔར།  བྱ་བའི་ཚན་ཆུང་སོ་སོའི་བྱ་བ་གཙོ་གནད་རིམ་བཞིན་ཡུལ་དངོས་གཙང་དག་དང་གནོད་སྐྱོན་ཞིབ་བཤེར།  འཚམས་འདྲི་ལྟ་སྐོར་སོགས་ཁ་ཕྱོགས་པ་དང་མེ་སྐྱོན་ཡུལ་དངོས་བྱེད་པའི་ལས་འགན46.5%ལེགས་འགྲུབ་བྱུང་།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག