མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

རྡོ་མཁར་གནའ་རྫོང་གི་མེ་སྐྱོན་གནོད་ཕྱིའི་གཙང་དག་བྱ་བ་བདེ་བླང་ངང་སྤེལ་བཞིན་ཡོད་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-01-24 10:39

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས《རྡོ་མཁར་གནའ་རྫོང་གི་མེ་སྐྱོན་གནོད་ཕྱིའི་གཙང་དག་བྱ་བའི་ཇུས་གཞི》གཏན་འབེབས་བྱས་པ་དང་།  ལོ་རྒྱུས་ལ་བརྩི་འཇོག་དང་དངོས་ཡོད་ལ་དོ་སྣང་བྱེད་པའི་རྨང་གཞིའི་སྟེང་།  གནོད་ཐེབས་མང་ཚོགས་དང་མཐུན་སྦྱོར་བརྗེ་རེས་ལ་ཤུགས་སྣོན་པ་བརྒྱུད།  མང་ཚོགས་ཀྱི་བསམ་བློ་བྱ་བ་ལེགས་པོ་སྒྲུབ་པའི་དུས་མཚུངས་སུ།  སྔར་ཡོད་རྨང་གཞིའི་བཟོ་སྐྲུན་སོར་བཞག་བྱས།  ཟླ་དང་པོའི་ཚེས22ཉིན་གྱི་ཕྱི་དྲོ་བར།  མེ་སྐྱོན་ལས་གནོད་འཚེ་ཐེབས་པའི་རྒྱལ་ཐང་གྲོང་རྡལ་གྱི་ཅིན་ལོང་དང་ཚང་ཧྥང་།  བྱང་སྒོ་སོགས་གཞིས་ཁུལ་གསུམ་གྱི་བགྲོད་ལམ་དང་ཆུ་རྐ་ཚང་མ་གཙང་དག་བྱས་ཏེ་ཤར་གཏོང་བྱུང་ཡོད་ལ།  ཆུ་འཛིར་བའི་ལྕགས་མདོང་ཚང་མ་ཞིག་སོག་བྱས་པ་དང་དུད་ཁྱིམ114ཡི་དམངས་སྡོད་ཁང་པའི་ཞིག་རོ་གཙང་དག་བྱས།  །   

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག