མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཧོ་ཧུང་མེ་ཡིས་རྡོ་མཁར་རྫོང་གི་མེ་སྐྱོན་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་ཞུས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-24 10:38

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས21ཉིན་གྱི་དགོང་མོར། ཡུན་ནན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧོ་ཧུང་མེ་སོགས་བདེ་ཆེན་ཁུལ་དུ་ཕེབས་ནས“1·11”རྡོ་མཁར་རྫོང་གི་མེ་སྐྱོན་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་ཞུས།

བདེ་ཆེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཏང་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་མ་ཝུན་ལུང་གིས་མཉམ་དུ་འཚམས་འདྲི་ཞུས་པ་རེད།

ཧོ་ཧུང་མེས་ཞིབ་ཕྲའི་ངང་ནས་གནོད་ཐེབས་གནས་ཚུལ་དང་མེ་སྐྱོན་བྱུང་རྗེས་ཀྱི་སྐྱོབ་རོགས་དང་བདེ་འཇགས་བཀོད་སྒྲིག་ལས་ཀར་རྒྱུས་ལོན་བྱས་རྗེས། གནོད་ཐེབས་མང་ཚོགས་ལ་ཡིད་ཆེས་བརྟན་པོ་འཛུགས་ཏེ། ཏང་ཨུ་དང་སྲིད་གཞུང་གིས་འགོ་ཁྲིད་འོག་ཧུར་ཐག་ངང་རང་སྐྱོབ་བྱེད་པ་དང་དཀའ་ངལ་སེལ་ནས་གང་མགྱོ གས་ཀྱིས་ཁྱིམ་གཞིས་སླར་གསོ་བསྐྱར་སྐྲུན་བྱེད་པར་སྐུལ་མ་བཏང་བ་རེད།

ཧོ་ཧུང་མེས་བླང་བྱ་བཏོན་ཏེ། ཁུལ་དང་རྫོང་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་གནས་བབ་ཡག་པོ་འདོན་སྤེལ་བྱེད་ཅིང་། གཏིང་ཟབ་ངང་གནོད་ཐེབས་མང་ཚོགས་ཀྱི་ཁྲོད་དུ་ཞུགས་པ་དང་རྒྱ་ཆེའི་ངང་གནས་ཚུལ་རྒྱུས་ལོན་བྱེད་པ། ཏན་ཏིག་གིས་གནོད་ཐེབས་བུད་མེད་དང་བྱིས་པའི་བསམ་བློ་ཁོང་དུ་ཆུད་ནས། ཏན་ཏིག་གིས་བསམ་ཚུལ་ཁྲིད་སྟོན་དང་། དཔའ་ངར་སྐྱེ་རུ་འཇུག་པ། འགལ་བ་སེལ་བའི་ལས་ཀ་ཡག་པོ་བསྒྲུབས་ནས་སྡེ་ཁུལ་གྱི་བརྟན་བརླིང་གི་སྤྱི་ཡོངས་འགན་སྲུང་བྱེད་དགོས། བུད་མེད་མང་ཚོགས་ཀྱི་ཁྲོད་དུ་རྒྱ་ཆེ་བའི་ངང་ཏང་དང་སྲིད་གཞུང་གིས་གནོད་ཐེབས་མང་ཚོགས་ལ་ཐུགས་ཁུར་བྱེད་ཚུལ་དྲིལ་བསྒྲགས་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྒུད་སྐྱོབ་བྱེད་པའི་ཕྲེང་སྟར་ཐབས་ཇུས་དང་བཀོད་སྒྲིག་དྲིལ་བསྒྲགས་བྱེད་དགོས།

འཚམས་འདྲི་བྱེད་པའི་བར་སྐབས་སུ། ཧོ་ཧུང་མེས་གནོད་ཐེབས་མང་ཚོགས་ལ་འཚམས་འདྲིའི་དངུལ་སྒོར57500སྤྲད་པ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག