མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་སྡེ་ཁག་སོ་སོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-24 10:38

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་ཚུན་དུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཧུར་ཐག་ངང་སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་བྱས་ནས། ནན་ཏན་གྱིས་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་བྱས་པ་རེད།

ཚེས16ཉིན། འཇོལ་རྫོང་གིས་རྫོང་མཁར་དུ་ཡོད་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པ280སྒྲིག་འཛུགས་བྱས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་བྱས་པ་དང་། འཇོལ་རྫོང་རྫོང་ཨུའི་ཏང་གི་སློབ་གྲྭའི་ཞའོ་ཀྲང་གཞོན་པ་ཙི་ཡིའུ་ཀུང་གདན་འདྲེན་ཞུས་ཏེ་སློབ་ཁྲིད་གནང་བ་རེད།

སློབ་ཁྲིད་སྟེང་དུ་གཙོ་བོར་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གནད་ཆེའི་དོན་སྙིང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གནད་ཆེའི་གསུང་བཤད་དགོངས་དོན་སོགས་སྒྲོག་འགྲེལ་བྱས་པ། ལས་བྱེད་པ་རྒན་པོ་ཚོས་མཚོན་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་ཕྲེང་སྟར་དགོངས་དོན་དོན་འཁྱོལ་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དྲིལ་བསྒྲགས་ལས་ཀ་ཡག་པོ་སྒྲུབ་རྒྱུའི་ཆོད་སེམས་མཚོན་པ་རེད།

ཚེས17ཉིན། ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་ཁུལ་རིམ་པའི་ཐད་གཏོགས་ལས་ཁུངས་སོགས་སྲིད་འཛིན་སྡེ་ཁག་དང་ཁེ་ལས་བྱ་བཞག་ལས་ཁུངས28ཀྱི་ལས་བྱེད་པས་ཁུལ་ཨུའི་སྙན་ཞུ་ཐིང་དུ་ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ཁུལ་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་གཞོན་པ་ཧོ་ཧྥང་གིས་སློབ་ཁྲིད་གནང་བའི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་འདུ་ལ་ཉན་པ་རེད།

སྒྲོག་འགྲེལ་གྲོས་ཚོགས་ཀྱིས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བསྒྱུར་བཅོས་བྱེད་པའི་གནད་ཆེའི་དོན་རྙིང་ངོས་འཛིན་བྱེད་པ་དང་། ཡང་དག་པའི་ངང་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བསྒྱུར་བཅོས་བྱེད་པའི་ཁྲིད་སྟོན་བསམ་བློ་དང་སྤྱི་ཁོག་གི་དམིགས་འབེན། གཞི་རྩའི་རྩ་དོན་རྒྱུས་ལོན་བྱུང་བ། ཕྱོགས་ཡོངས་ནས་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་བསྒྱུར་བཅོས་ལས་འགན་དང་གནད་ཆེའི་བྱ་ཐབས་དོན་འཁྱོལ་བྱེད་པ་སོགས་གནད་ཆེའི་ནང་དོན་སྒྲོག་འགྲེལ་བྱས་ནས། ཏང་ཡོན་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་གོ་རྟོགས་བྱུང་བར་ཤུགས་སྣོན་བརྒྱབ་པ་རེད།

ཚེས20ཉིན། འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་འབའ་གྲུ་གྲོང་གིས་གྲོང་རྡལ་འདིའི་ཚོགས་ཆེན་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྒྲོག་འགྲེལ་ཚོགས་པ་གདན་འདྲེན་ཞུས་ཏེ་སྒྲོག་འགྲེལ་བྱས་ཤིང་། མཐའ་ཆུ་གྲོང་རྡལ་གྱི་འགན་ཁུར་བ་དང་གྲོང་སྡེའི“ཨུ་གཉིས”ཀྱི་ཁོངས་མི། གྲོང་སྡེའི་ལས་བྱེད་པ། ཏང་ཡོན། བུད་མེད་ཙུའུ་ཀྲང་སོགས་རྐང་འཛིན་གྱི་ཁོངས་མི192སྒྲོག་འགྲེལ་དུ་ཞུགས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག