མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཝང་ཧྲུའུ་ཧྥེང་གིས་བདེ་ཆེན་ཁུལ་དུ་བརྟག་ཞིབ་གནང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-24 10:37

ཚེས18ཉིན།ཡུན་ནན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཧྲུའུ་ཧྥེང་གིས་རྡོ་མཁར་རྫོང་དུ་གནོད་ཐེབས་མང་ཚོགས་ལ་བདེ་འདྲི་ཞུ་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཚེས18ཉིན།ཡུན་ནན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིནན་གཞོན་པ་ཝང་ཧྲུའུ་ཧྥེང་དང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྔོན་རྩིས་ལས་ཀའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའོ་ཙེ་ལུང་།ཞིང་ཆེན་དམངས་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་ལི་གོ་ཚེ་དང་བཅས་པས་རྡོ་མཁར་རྫོང་གི་མེ་སྐྱོན་བྱུང་ཡུལ་དངོས་སུ་རྟོག་ཞིབ་བྱེད་པ་དང་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་ཞུས་ཤིང་།ཉིན་དེའི་ཕྱི་དྲོར་རྒྱལ་ཐང་གྲོང་རྡལ་གྱི་བྱང་སྒོའི་སྡེ་ཁུལ་དུ་གཞི་རིམ་ལས་བྱེད་པ་ཞུགས་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།ཝང་ཧྲུའུ་ཧྥེང་གིས་བདེ་ཆེན་གྱི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་མང་ཚོགས་ཀྱི་བདེ་འཇགས་བཀོད་སྒྲིག་ལས་ཀ་ཞིབ་ཚགས་བསྒྲུབས་ནས་གནོད་ཐེབས་མང་ཚོགས་ལ་དྲོ་སྐྱིད་ལྡན་པའི་ངང་ལོ་གསར་གཏོང་ཏུ་འཇུག་དགོས་ཞེས་ནན་བཤད་གནང་བ་རེད།

བདེཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་མ་ཝུན་ལུང་དང་ཁུལ་ཨུའི་རྒྱུན་ཨུ།རྒྱུན་ལས་ཁུལ་དཔོན་གཞོན་པ་ཀྲང་ཀྲི་ཅུན།ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དབྱང་ཧྥང་ཞི་བཅས་ཀྱིས་ལྷན་དུ་བརྟག་ཞིབ་བྱས་པ་རེད།

ཉིན་དེའི་སྔ་དྲོར།ཝང་ཧྲུའུ་ཧྥེང་གིས་སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་གི་མེ་སྐྱོན་བྱུང་ཡུལ་དངོས་སུ་ཟབ་ཞུགས་བྱས་ནས།མེ་སྐྱོན་གནས་ཚུལ་རྟོག་ཞིབ་བྱས་པ་དང་།རོགས་སྐྱོར་བྱེད་ཚུལ་དང་གནོད་སྐྱོན་ཐེབས་པའི་མང་ཚོགས་ཀྱི་གྱོ ང་གུད་ཐེབས་ཚུལ་དང་བདེ་འཇགས་བཀོད་སྒྲིག་གནས་ཚུལ་ཤེས་རྟོགས་བྱེད་པ།མེ་སྐྱོན་བྱུང་ཡུལ་གཙང་བཤེར་རྒྱག་བཞིན་པའི་དམག་དཔུང་གི་དཔོན་དམག་དང་རང་ས་གནས་ཀྱི་ལས་བྱེད་པ་ལ་འཚམས་འདྲི་ཞུས་པ།གཉེན་ཉེ་ལ་བརྟེན་པའི་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་ཞུས་ནས་སེམས་གསོ་བྱས་པ་རེད།ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་རེ་འདུན་ཤེས་རྟོགས་བྱས་ཤིང་།ཁུལ་ཐད་གཏོགས་འགན་སྲུང་ཁང་པའི་སྡེ་ཁུལ་ཆུང་བར་ཕེབས་ནས་གནོད་ཐེབས་མང་ཚོགས་ཀྱི་བདེ་འཇགས་བཀོད་སྒྲིག་གནས་ཚུལ་རྩད་གཅོད་བྱས་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག ཀྲང་ཀྲི་ཅུན་གྱིས་རྡོ་མཁར་རྫོང་གི1•11”མེ་སྐྱོན་གྱི་གཞི་རྩའི་གནས་ཚུལ་རྟོག་ཞིབ་ཚོ་ཆུང་ལ་སྙན་སེང་ཞུས་པ་རེད།

སྙན་ཞུ་ཉན་རྗེས།བརྟག་ཞིབ་ཚོ་ཆུང་གིས་རང་ཁུལ་གྱིས་མེ་སྐྱོན་སྐྱོབ་རོགས་དང་མཁོ་བསྟུན་མྱུར་སྐྱོབ།མང་ཚོགས་ཀྱི་བདེ་འཇགས་བཀོད་སྒྲིག་ལས་ཀར་ཐོབ་པའི་གྲུབ་འབྲས་ལ་ཁས་བླངས་གང་ལེགས་བྱས་པ་རེད།ཝང་ཧྲུའུ་ཧྥེང་གིས་བདེ་ཆེན་གྱི་རིམ་པ་ཁག་གི་ལས་བྱེད་པས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་འགོ་ཁྲིད་ཀྱི་གལ་ཆེའི་མཛུབ་སྟོན་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས།མང་ཚོགས་དང་མཉམ་དུ་སེམས་ཤུགས་གཅིག་ཏུ་སྒྲིལ་ཏེ་དཀའ་ངལ་སེལ་ཐབས་བྱེད་པ་དང་།མང་ཚོགས་ཀྱི་བདེ་འཇགས་བཀོད་སྒྲིག་ལས་ཀ་དང་སླར་གསོ་བསྐྱར་འཛུགས་ལས་ཀ་ཡག་པོ་སྒྲུབ་དགོས་ཞེས་གསུང་པ་སྟེ། གཅིག་ནི་གནོད་ཐེབས་མང་ཚོགས་ལ་གཉེན་ཉེ་ལྟ་བུར་འཛིན་ནས་སྐྱོབ་རོགས་བཀོད་སྒྲིག་ལས་ཀ་ཞིབ་ཚགས་སྒྲུབ་དགོས་པ་དང་།གནོད་ཐེབས་མང་ཚོགས་ཀྱི་བདེ་འཇགས་བཀོད་སྒྲིག་ལས་ཀ་དེ་མིག་སྔའི་གལ་ཆེའི་ལས་ཀར་བྱས་ཏེ་དམ་འཛིན་བྱེད་དགོས་པ།གནོད་ཐེབས་མང་ཚོགས་ལ་བདེ་འཇགས་དང་སེམས་བདེ་ཞིང་བརྟན་འཇགས་པའི་ལོ་གསར་ཞིག་གཏོང་དུ་འཇུག་དགོས།གཉིས་ནི་མེ་སྐྱོན་བྱུང་རྐྱེན་གྱི་རྟོག་ཞིབ་དེ་དངོས་ཐོག་བདེ་འཚོལ་གྱི་སྤྱོད་ཚུལ་འཛིན་དགོས་པ་དང་ཉམས་མྱོང་དང་བསླབ་བྱ་ཕྱོགས་བསྡུས་ཞིབ་ཕྲ་བྱེད་དགོས་ལ།འབྲེལ་ཡོད་ཀྱི་གཞོགས་འདེགས་ལས་ཀ་ཡག་པོ་སྒྲུབ་དགོས།གསུམ་ནི་སླར་གསོ་བསྐྱར་སྐྲུན་ལས་ཀ་དེ་ཡོངས་བསྒྲགས་དང་དྲང་སྙོམས།དྲང་གཞག་གི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།བཞི་ནི་གླེང་ཕྱོགས་ཀྱི་སྣེ་ཁྲིད་ལས་ཀ་ཡག་པོ་སྒྲུབ་དགོས།ལྔ་ནི་རྒུད་སྐྱོབ་དངོས་པོ་དང་མ་དངུལ་ལ་དོ་དམ་ཡག་པོ་བྱེད་དགོས་པ་དང་འགྲོ་ལུགས་ཆ་ཚང་འགྲིམ་དགོས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག