མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་འཐུས་ཚབ་ཚོགས་པས་ཞིང་ཆེན་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-01-23 10:21

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ་དང་པོའི་ཚེས21ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཐུས་ཚབ་ཚོགས་པའི་འཐུས་མི་རྣམས་ལྷན་གཅིག་ཏུ་འཛོམས་ནས། ཁ་བརྡ་གླེང་མོལ་བྱས་པ་དང་མཉམ་གཅིག་ཏུ་ཡུན་ནན་ཞིང་ཆེན་ཀྱི་ཧྲིན་ཀྲང་ལོས་ཅེ་ཧིང་གིས་སྤེལ་བའི་ཞིང་ཆེན་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།  འཐུས་མི་རྣམས་ཀྱིས་ཞིང་ཆེན་སྲིད་གཞུང་བྱ་བའི་སྙན་ཞུ་ལས་དངོས་ཐོག་བདེན་འཚོལ་གྱི་ངང་ནས་བྱ་བར་སྤྱི་བསྡོམས་བྱས་ཡོད་པར་བསམ་ལ། སྙན་ཞུར་ཉན་རྗེས་ཚང་མར་སྐུལ་མ་ལེགས་པོ་བཏང་།  2013ལོར་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།  ཡུན་ནན་ཞིང་ཆེན་ཏང་ཨུ་བཅས་ཀྱིས་ཇུས་གཞིའི་བཀོད་སྒྲིག་འོག  “ལོ་ལྔའི་ཚན་བཅུ་གཉིས”ཀྱི་འཆར་གཞིའི་རྩ་གནད་ནན་ཏན་སྒོས་དངོས་འབེབས་བྱས་ཏེ།  གནས་བབ་ཛ་དྲག་འོག་ནུས་ཤུགས་ཡོད་པའི་བྱེད་ཐབས་སྤྱད་པ་དང་།  ཞིང་ཆེན་སྐབས་བཅུ་གཉིས་དམངས་འཐུས་ཚོགས་ཆེན་གྱི་ཐེངས་དང་པོའི་གྲོས་ཚོགས་ལས་བཏོན་པའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱུང་ཡོད་པས།  སྐབས་གསར་བའི་སྲིད་གཞུང་གིས་བྱ་བ་སྣ་ཚོགས་སྤེལ་བར་མཐུན་རྐྱེན་སྐྲུན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག