ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས21ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་། བདེ་ཆེན་ཁུལ་ཏང་ཨུའི་དྲུང་ཡིག་ཆེན་མོ་ལིག་ཅ་ཞོན། བདེ་ཆེན་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུ་ལོས་ཕིན་གཉིས་ཀྱིས་སྣེ་ཁྲིད་པའི་འཚམས་འདྲི་ཚན་ཆུང་སྔ་གཞུག་ཏུ་བདེ་ཆེན་ཁུལ་སྤྱི་བདེ་ཅུའུ་དང་བདེ་ཆེན་ཁུལ་ཡིག་སྐུར་ངོ་གཏུག་གཞུང་སྒྲུབ་ཁང་། བདེ་ཆེན་ཁུལ་སྲིད་གཞུང་སྤྱི་ཁྱབ་ལས་རེས་ཁང་། ཁུལ་ཐོན་སྐྱེད་བདེ་འཇགས་ལྟ་སྐུལ་དོ་དམ་ཅུའུ། ཁུལ་བཟོ་ལས་བརྡ་འཕྲིན་ཨུ་ཡོན་ལྷན་ཚོགས། བདེ་ཆེན་ཁུལ་རྒྱལ་ཁབ་བདེ་སྲུང་པུའུ་དང་ཁུལ་གནོད་འགོག་ཅུའུ། ཁུལ་ནགས་ལས་ཅུའུ། ཁུལ་གནས་སྐོར་ཅུའུ་དང་ཁུལ་འགྲིམ་འགྲུལ་ཉེན་རྟོག་རུ་ཁག ཁུལ་གནམ་གཤིས་ཅུའུ་སོགས་ལོ་སར་སྐབས་སུ་ལས་གནས་སྟེང་སྔར་བཞིན་ལས་ཀ་སྒྲུབ་བཞིན་པའི་ལས་བྱེད་མི་སྣར་འཚམས་འདྲི་བྱས།
འཚམས་འདྲི་ཚན་ཆུང་གིས་ལས་ཁུངས་ཚང་མས་བདེ་ཆེན་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་བདེ་འཇགས་ཐད་བཞག་པའི་བྱས་རྗེས་ལ་ཚད་མཐོ་བའི་གདེང་འཇོག་བྱས་པའི་དུས་མཚུངས་སུ། སྡེ་ཁག་སོ་སོས་ལོ་སར་སྐབས་ཀྱི་སྤྱི་ཚོགས་བདེ་འཇགས་དང་ཐོན་སྐྱེན་བདེ་འཇགས། གནས་སྐོར་སྣེ་ལེན། མེ་སྐྱོན་སྔོན་འགོག་སོགས་ལས་དོན་ལེགས་པོ་སྒྲུབ་ནས། ཁུལ་ཡོངས་ཀྱི་མི་དམངས་བདེ་འཇགས་དང་དྲོད་སྐྱིད་ལྡན་པའི་ལོ་སར་རོལ་བར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན། །