མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་མེ་སྐྱོན་གྱི་གནོད་ཐེབས་མང་ཚོགས་ཀྱི་བཀོད་སྒྲིག་དང་གནའ་གྲོང་གི་བསྐྱར་སྐྲུན་ལས་ཀ་བཀོད་སྒྲིག་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-23 10:21

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས17ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས16པ་ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་ཁང་དུ་འཚོགས།

བདེ་ཆེན་ཁུལ་གྱི་ཁུལ་དཔོན་ཧོང་ཀྲེང་ཧུང་གིས་གྲོས་ཚོགས་གཙོ་སྐྱོང་བྱས་པ།

གྲོས་ཚོགས་ཀྱི་ཐོག་ཏུ་ཧོང་ཀྲེང་ཧུང་གིས“1·11”རྡོ་མཁར་རྫོང་གི་མེ་སྐྱོན་ཁྲོད་དུ་གནོད་ཐེབས་མང་ཚོགས་ཀྱི་བདེ་འཇགས་བཀོད་སྒྲིག་དང་གནའ་གྲོང་གི་བསྐྱར་སྐྲུན་ལས་ཀ་བཀོད་སྒྲིག་བྱས་པ། ཁོང་གིས་བཏོན་ཏེ། མེ་སྐྱོན་བྱུང་རྗེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། སེམས་ཀྱི་ཉི་ཟླ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དུས་ཐོག་ཏུ་མཁོ་བསྟུན་འཆར་གཞི་ལག་བསྟར་བྱས་ནས། མཁོ་བསྟུན་སྐྱོབ་རོགས་ལས་ཀ་དུས་ཐོག་དང་ནུས་པ་ཐོན་པའི་ངང་སྒྲུབ་ཡོད། གོམ་པ་རྗེས་མར།“1·11”རྡོ་མཁར་རྫོང་མེ་སྐྱོན་དོན་རྐྱེན་བཀོད་འདོམས་པུའུ་ཡིས་ཇེ་མགྱོ གས་ཀྱིས་བཀོད་འདོམས་པུའུ་ཡི་ཁོངས་མིའི་ལས་ཁུངས་ཀྱི་ལས་ཀའི་གྲོས་ཚོགས་འཚོགས་ནས། ཞིང་ཆེན་ཏང་ཨུས་འཚོགས་པའི་མེ་སྐྱོན་ཆེད་དོན་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱེད་པ་དང་། གོམ་གང་མདུན་སྤོས་ཀྱིས་ལས་དོན་ཁག་སྒྲུབ་པར་མངོན་གསལ་གྱི་དམིགས་འབེན་འདོན་པ། ཞིབ་ཕྲའི་ངང་བཀོད་སྒྲིག་བྱེད་པ། གནོད་ཐེབས་མང་ཚོགས་ཀྱི་བདེ་འཇགས་བཀོད་སྒྲིག་ལས་ཀ་ཡག་པོ་སྒྲུབ་པ། གནོད་ཐེབས་མང་ཚོགས་ལ་བདེ་འཇགས་ཀྱིས་དགུན་ཁ་བརྒལ་བ་དང་ལོ་གསར་གཏོང་ཐུབ་པར་འགན་སྲུང་བྱེད་དགོས། ཚན་རིག་དང་མཐུན་པའི་ངང་ནས་གནའ་གྲོང་གི་སླར་གསོ་བསྐྱར་སྐྲུན་གྱི་འཆར་གཞི་བཀོད་དེ། ཧུར་ཐག་ངང་གནའ་གྲོང་གི་འཛུགས་སྐྲུན་དང་དོ་དམ་སོགས་ལས་དོན་ཁག་ཇེ་ལེགས་སུ་གཏོང་དགོས།

ཧོང་ཀྲེང་ཧུང་གིས་ནན་གྱིས་གསུང་སྟེ། ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གཅིག་ནི་གོམ་གང་མདུན་སྤོས་ཀྱིས་འགན་ནུས་འདོན་སྤེལ་བྱས་ནས་ལས་ཀའི་ནུས་ཤུགས་ཇེ་ཆེར་གཏོང་བ། ཞིང་ཆེན་གྱི་བརྟག་དཔྱད་ཚོ་ཆུང་ལ་གཞོགས་འདེགས་བྱས་ནས་མེ་སྐྱོན་བྱུང་བའི་རྒྱུ་རྐྱེན་དང་གནོད་སྐྱོན་ཐེབས་ཚད་ཀྱི་བརྟག་ཞིབ་ཚད་ལེན་ལས་ཀ་ཡག་པོ་སྒྲུབ་དགོས་པ་དང་། གཉིས་ནི་ཏན་ཏིག་གིས་འགན་ནུས་སྒྲུབ་སྟེ། མཐུན་སྦྱོར་ཤུགས་ཆེར་གཏོང་བ། ཏན་ཏིག་གིས་གནོད་ཐེབས་མང་ཚོགས་ཀྱི་བདེ་འཇགས་བཀོད་སྒྲིག་ལས་ཀ་ཡག་པོ་སྒྲུབ་ཅིང་། གནོད་ཐེབས་མང་ཚོགས་ཀྱི་བཟའ་བཏུང་དང་། བདེ་སྡོད། སྨན་བཅོས། དྲོད་སྲུང་སོགས་ཀྱི་དཀའ་ངལ་དངོས་སེལ་རོགས་བྱེད་དགོས། གསུམ་ནི་འབྲེལ་ཡོད་སྡེ་ཁག་གིས་གནའ་གྲོང་གི་སླར་གསོ་བསྐྱར་སྐྲུན་གྱི་འཆར་གཞི་ཡག་པོ་འགོད་དགོས། སླར་གསོ་བསྐྱར་སྐྲུན་བྱེད་སྐབས་དམངས་འཚོ་སྔོན་ཐོབ་ཏུ་བཞག་པར་རྒྱུན་འཁྱོངས་བྱས་ནས་གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་སྤྱི་པའི་ཞབས་ཞུའི་སྒྲིག་གཞི་བཀོད་སྒྲིག་བྱེད་དགོས། རྣམ་གྲངས་ཀྱི་སྤུས་ཚད་ཁག་ཐེག་བྱས་ནས་ཧུར་ཐག་ངང་མི་དམངས་ཀྱི་ཡིད་ཚིམ་པའི་རྣམ་གྲངས་འཛུགས་སྐྲུན་བྱེད་དགོས། ཧུར་ཐག་ངང་ཕྱོགས་སོ་སོའི་ནུས་ཤུགས་བརྩོན་ལེན་བྱས་ནས་གནོད་ཐེབས་མང་ཚོགས་ལ་ཁྱིམ་གཞིས་གསར་པ་འཛུགས་པ་དང་གང་མགྱོ གས་ཀྱིས་གནའ་གྲོང་སླར་གསོ་བསྐྱར་སྐྲུན་བྱེད་དགོས། བཞི་ནི་གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། དུས་ཐོག་ཏུ་སྨྱན་བྱད་སོ་སོར་བརྒྱུད་ནས་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་གནོད་ཐེབས་མང་ཚོགས་བདེ་འཇགས་བཀོད་སྒྲིག་བྱེད་པ་དང་། གནོད་སྐྱོན་ཐེབས་ཚད་བརྟག་ཞིབ་ཚད་ལེན་བྱེད་པ། སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་སོགས་སྒྲིག་འཛུགས་བྱེད་པའི་གནས་ཚུལ་གསར་འགྱུར་དུ་བཀོད་ནས། ཡང་དག་པའི་ངང་གླེང་ཕྱོགས་ལ་ཁྲིད་སྟོན་བྱེད་དགོས།

བདེ་ཆེན་ཁུལ་གྱི་ཁུལ་དཔོན་གཞོན་པ་ཀྲང་ཀྲི་ཅུན་དང་། ནོར་བུ་གཡང་འཛོམས། ཝང་ཐེན་ཞི། ཧོ་ཀྲེན་ཏུང་། སུང་ཐའོ་སོགས་གྲོས་ཚོགས་སུ་ཞུགས་པ་རེད།    །    

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག