མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཆིན་ཀོང་རོང་གིས་ཆེད་དོན་གྲོས་ཚོགས་གཙོ་སྐྱོང་བྱས་ནས་སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་གི་མེ་སྐྱོན་གནས་ཚུལ་གྱི་སྙན་ཞུ་གསན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-22 11:05

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས15ཉིན། ཡུན་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆིན་ཀོང་རོང་གིས་ཆེན་དོན་གྲོས་ཚོགས་གཙོ་སྐྱོང་བྱས་ནས།སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་གི་མེ་སྐྱོན་བྱུང་ཚུལ་གྱི་སྙན་ཞུ་གསན་པ་རེད།ཁོང་གིས་ནན་གྱིས་གསུང་དོན།རིམ་པ་ཁག་དང་སྡེ་ཁག་སོ་སོ་ཡིས་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱས་ནས།ཐོག་མཐའ་བར་གསུམ་དུ་མི་གཞི་རྩར་འཛིན་པ་དང་དམངས་འཚོ་སྔོན་ཐོབ་ཏུ་བཞག་རྒྱུ་རྒྱུན་འཁྱོངས་བྱས་ཏེ།གནོད་ཐེབས་མང་ཚོགས་ཀྱི་བདེ་འཇགས་བཀོད་སྒྲིག་སོགས་ལས་ཀ་ཁག་ཡག་པོ་བསྒྲུབས་ནས།གནོད་ཐེབས་མང་ཚོགས་ཀྱིས་བདེ་འཇགས་ངང་དགུན་བརྒལ་བ་དང་དྲོ་སྐྱིད་ཀྱི་ལོ་གསར་ཞིག་གཏོང་བར་ཁག་ཐེག་བྱེད་དགོས།

མེ་སྐྱོན་སྐྱོབ་པའི་ལས་ཀ་དང་གནོད་ཐེབས་མང་ཚོགས་ཀྱི་བདེ་འཇགས་བཀོད་སྒྲིག་ལས་ཀའི་སྙན་ཞུ་གསན་རྗེས།ཆིན་ཀོང་རོང་གིས་རྒུད་སྐྱོབ་ལས་ཀར་ཐོབ་པའི་གྲུབ་འབྲས་ལ་ཁས་བླངས་ཤིང་།རྒུད་སྐྱོབ་དང་བདེ་འཇགས་བཀོད་སྒྲིག་ལས་ཀར་ཞུགས་པའི་རིམ་པ་ཁག་དང་སྡེ་ཁག་སོ་སོ་དང་དམག་དཔུང་གི་དཔོན་དམག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།ཁོང་གིས་ནན་གྱིས་གསུང་དོན།ཐེངས་འདིའི་དོན་རྐྱེན་གྱིས་གྱོ ང་གུན་ཚབས་ཆེན་བཏོད་ཡོད་ཅིང་།ཤུགས་རྐྱེན་ཐེབས་རྒྱ་ཆེ་ལ་བསླབ་བྱ་གཏིང་ཟབ་པ་ཡིན་པས།ང་ཚོས་ངེས་པར་དུ་དོན་རྐྱེན་དེ་ནས་བསླབ་བྱ་བསྡུ་ལེན་བྱེད་དགོས་པ་དང་བསམ་ཞིབ་གཏིང་ཟབ་བྱེད་པ།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དེ་ཀུན་ལས་མཐོ་བའི་འདུ་ཤེས་བརྟན་པོ་ཆགས་སུ་འཇུག་སྟེ།ཞིང་ཆེན་ཡོངས་སུ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་སྒྲིག་བཤེར་གཏིང་ཟབ་བྱས་ནས།དུས་ཐོག་ཏུ་གནས་པའི་གནད་དོན་སྒྲིག་བཅོས་བྱེད་པ་དང་།ཏན་ཏིག་གིས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་ཀ་ཁག་བསྒྲུབས་ཏེ།འདི་རིགས་ཀྱི་དོན་རྐྱེན་མི་འབྱུང་བ་བྱ་རྒྱུ་ཁག་ཐེག་བྱེད་དགོས།

གྲོས་ཚོགས་ཐོག་བསྟན་དོན།དུས་རིམ་ས ྔོན་མའི་རྨང་གཞིའི་ཐོག དུས་རིམ་རྗེས་མའི་གནོད་སྐྱོན་ཐེབས་རྗེས་ཀྱི་ལས་ཀ་ཁག་ཡག་པོ་བསྒྲུབ་དགོས་ཤིང་།མིག་སྔའི་ལས་ཀ་གཙོ་བོ་ནི་གནོད་ཐེབས་མང་ཚོགས་ཀྱི་བདེ་འཇགས་བཀོད་སྒྲིག་ལས་ཀ་ཡག་པོ་བསྒྲུབས་ཏེ།གནོད་ཐེབས་མང་ཚོགས་ཀྱིས་བདེ་འཇགས་ངང་དགུན་བརྒལ་བ་དང་ལོ་གསར་གཏོང་ཐུབ་པ་ཡོང་རྒྱུ་ཁག་ཐེག་བྱེད་དགོས།གཅིག་ནི་མེ་སྐྱོན་བྱུང་རྐྱེན་གྱི་བརྟག་ཞིབ་ལས་ཀ་ཡག་པོ་བསྒྲུབ་དགོས་པ་དང་།དུས་ཐོག་ཏུ་ཆ་འཕྲིན་ཡོངས་བསྒྲགས་བྱས་ནས།གནོད་ཐེབས་མང་ཚོགས་དང་སྤྱི་ཚོགས་ལ་གསལ་བཤད་བྱེད་དགོས།གཉིས་ནི་དགེ་མཚན་ལྡན་པའི་ངང་གནོད་ཐེབས་མང་ཚོགས་ཀྱི་བསམ་བློའི་ལས་ཀ་བསྒྲུབ་པ་དང་གནོད་ཐེབས་མང་ཚོགས་ཀྱི་བློ་ཁ་བརྟན་པོ་ཡོང་བར་ཁག་ཐེག་བྱེད་དགོས།གསུམ་ནི་གནོད་ཐེབས་མང་ཚོགས་ལ་བདེ་འཇགས་བཀོད་སྒྲིག་འོས་འཚམ་བྱེད་དགོས་པ་དང་།གནོད་སྐྱོན་ཐེབས་ཚུལ་གྱི་ཞིབ་བསྡུར་བསྡོམས་རྩིས་ཡག་པོ་བྱེད་པ།རྒུད་སྐྱོབ་དངོས་རྫས་ཀྱི་འགན་ལེན་དང་མཁོ་བསྟུན་མ་དངུལ་གྱི་གཏོང་སྤྲོད་ལས་ཀ་ཡག་པོ་བསྒྲུབས་ཏེ་གནོད་ཐེབས་མང་ཚོགས་ལ་ཟས་ཟ་རྒྱུ་ཡོད་ལ་ཆུ་གཙང་མ་འཐུང་རྒྱུ་ཡོད་པ།གོས་གྱོ ན་རྒྱུ་ཡོད་པ།རྨས་མ་ལ་གོ་ཆོད་པའི་སྨན་བཅོས་བྱེད་ཐུབ་པ་དང་།དྲོ་སྐྱིད་ལྡན་པའི་ལོ་གསར་ཞིག་གཏོང་དུ་འཇུག་དགོས།བཞི་ནི་དྲིལ་བསྒྲགས་ཡང་དག་བྱེད་པ་དང་གླེང་ཕྱོགས་ཀྱི་སྣེ་ཁྲིད་ཡང་དག་བྱེད་དགོས་ལ།སྤྱི་ཚོགས་ཀྱི་འཆམ་མཐུན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས།

གྲོས་ཚོགས་ཀྱིས་རྡོ་མཁར་རྫོང་གི་མེ་སྐྱོན་ཐེབས་ཁུལ་གྱི་སླར་གསོ་བསྐྱར་སྐྲུན་ལས་ཀར་བླང་བྱ་བཏོན་པ་རེད།སླར་གསོ་བསྐྱར་སྐྲུན་བྱེད་པའི་སྐབས་སུ།ཚན་རིག་དང་མཐུན་པའི་འཆར་འགོད་དང་གོ་རིམ་ལྡན་པོས་བསྐྱར་འཛུགས་བྱེད་པ།ལོ་རྒྱུས་ལ་བརྩི་མཐོང་བྱེད་པ་དང་མི་རིགས་རིག་གནས་ལ་བརྩི་མཐོང་བྱེད་པ།“རྙིང་པར་བཅོས་ན་རྙིང་པ་དང་མཚུངས་པ་དང་།གསར་འཛུགས་བྱས་ན་རྙིང་པ་དང་མཚུངས་པའི”རྩ་དོན་ལྟར་སླར་གསོ་བསྐྱར་སྐྲུན་ལས་ཀ་བསྒྲུབ་དགོས།དམངས་འཚོ་སྔོན་ཐོབ་ཏུ་བཞག་ནས།གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་སྤྱི་པའི་ཞབས་འདེགས་སྒྲིག་ཆས་སྔོན་ཐོབ་ཏུ་བཀོད་སྒྲིག་བྱས་ཏེ།ཇེ་མགྱོ གས་ཀྱིས་གནོད་ཐེབས་ས་ཁུལ་མང་ཚོགས་ཀྱི་འཚོ་བའི་རྣམ་པ་དང་གོ་རིམ་སྔ་ལྟར་སླར་གསོ་བྱེད ་དུ་འཇུག་དགོས།ལས་གྲྭའི་སྤུས་ཚད་ཁག་ཐེག་བྱེད་དགོས་པ་དང་མི་དམངས་ཀྱིས་ཡིད་ཚིམ་པའི་ལས་གྲྭ་འཛུགས་དགོས་ལ།ཕྱོགས་ཁག་སོ་སོའི་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་དང་ནང་དུ་ཞུགས་པར་བརྩོན་ལེན་བྱས་ནས།གནོད་ཐེབས་མང་ཚོགས་ཀྱིས་ཁྱིམ་གཞིས་བསྐྱར་འཛུགས་བྱེད་པར་རོགས་རམ་བྱེད་དགོས།

ཡུན་ནན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ།ཞིང་ཨུའི་དྲུང་ཆེན་ཚའོ་ཅན་ཧྥང་དང་།ཞིང་ཆེན་གྱི་འགོ་འཛིན་གཞོན་པ་དབྱིན་ཅན་ཡེ།ཞིང་ཆེན་འགོ་འཛིན་གྱི་ལས་རོགས་པ།ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་དབྱང་ཅ་ཝུའུ་སོགས་གྲོས་ཚོགས་སུ་ཞུགས་པ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག