མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

དབྱི་རྡོ་མཁར་རྫོང་གི་མེ་སྐྱོན་བྱུང་ཡུལ་དངོས་སུ་ཕེབས་ནས་ལྟ་ཞིབ་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-22 11:05

ཡུན་ནན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧོང་དབྱི་དང་མེ་སྐྱོན་བྱུང་ཡུལ་དངོས་སུ་གནོད་ཐེབས་མང་ཚོགས་མཉམ་དུ་གླེང་མོལ་བྱེད་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཚེས15ཉིན། ཡུན་ནན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧོང་དབྱི་ཡིས་སེམས་ཀྱི་ཉི་ཟླ་རྫོང་གི་ཡུལ་དངོས་སུ་རྡོ་མཁར་རྫོང་གི“1·11”མེ་སྐྱོན་སྐྱོབ་པའི་གནས་ཚུལ་གྱི་སྙན་ཞུ་ཉན་བའི་དུས་སུ་ནན་གྱིས་གསུང་སྟེ། བདེ་ཆེན་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ནན་ཏན་གྱིས་གནོད་ཐེབས་མང་ཚོགས་ཀྱི་བཀོད་སྒྲིག་དང་སེམས་གསོའི་ལས་ཀ་ཡག་པོ་བསྒྲུབས་ནས། བོད་ཁུལ་གྱི་འཆམ་མཐུན་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ཁག་ཐེག་བྱེད་དགོས།

ཉིན་དེར། ཧོང་དབྱི་སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་གི་མེ་སྐྱོན་བྱུང་བའི་ཡུལ་དངོས་སུ་ཕེབས་ནས། ཞིབ་ཕྲའི་ངང་གནོད་ཐེབས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། རོགས་སྐྱོབ་གནས་ཚུལ་དང་གནོད་ཐེབས་མང་ཚོགས་ཀྱི་བཀོད་སྒྲིག་གནས་ཚུལ་འདྲི་རྩད་བྱས་པ། མེ་སྐྱོན་བྱུང་ཡུལ་གཙང་བཤེར་བྱེད་བཞིན་པའི་དཔོན་དམག་དང་ལས་བྱེད་པ། མང་ཚོགས་ལ་འཚམས་འདྲི་ཞུས་པ་རེད།

ཧོང་དབྱི་ཡིས་མེ་སྐྱོན་གྱི་གནོད་ཐེབས་གནས་ཚུལ་དང་རོགས་སྐྱོབ་གནས་ཚུལ། འབྲེལ་ཡོད་ཀྱི་བཀོད་སྒྲིག་དང་སེམས་གསོ་བྱས་ཚུལ་གྱི་སྙན་སེང་ཉན་རྗེས་བསྟན་ཏེ། བདེ་ཆེན་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་གིས་མང་ཚོགས་ལ་ཟུང་འབྲེལ་བྱེད་པའི་སྲོལ་རྒྱུན་ལེགས་པོ་དར་སྤེལ་གཏོང་བ་དང་། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་བརྩེ་དུང་དང་འགན་ལེན་འཁུར་ཏེ། གནོད་ཐེབས་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱས་ཤིང་། ཕྱོགས་ཡོངས་ནས་ཁོ་ཚོའི་དགོས་མཁོ་ལ་གོ་རྟོགས་བྱེད་པ་དང་། དངོས་ཡོད་ཀྱི་གནད་དོན་སེལ་རོགས་བྱེད་དགོས། འོས་འཚམ་གྱིས་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱས་ནས། ཁོ་ཚོ་ལ་ཟས་ཟ་རྒྱུ་ཡོད་པ་དང་། ཆུ་གཙང་མ་འཐུང་རྒྱུ་ཡོད་པ།གོས་གྱོན་རྒྱུ་ཡོད་པ། སྡོད་ས་ཡོད་པ། ནད་ཕོག་ན་དུས་ཐོག་ཏུ་སྨན་བཅོས་བྱེད་ཐུབ་པར་ཁག་ཐེག་བྱེད་པ། ལྷག་པར་དུ་ལོ་གསར་སླེབས་ཉེ་བས། འཐུས་ཚང་གིས་བཀོད་སྒྲིག་བྱས་ཏེ། ཁོ་ཚོ་ལ་དྲོ་སྐྱིད་ལྡན་པའི་ལོ་གསར་ཞིག་གཏོང་དུ་འཇུག་དགོས། གནོད་ཐེབས་མང་ཚོགས་ཀྱིས་དཀའ་ངལ་སེལ་བའི་ཡིད་རྟོན་གཏོད་རོགས་བྱས་ནས། སྔར་ལས་ལྷག་པར་ཐོན་སྐྱོད་རང་སྐྱོབ་བྱེད་དགོས། ནན་ཏན་གྱིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འབྲེལ་ཡོད་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་བྱས་ནས། གནོད་སྐྱོན་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་ཀ་ལ་མྱུར་མགྱོགས་ཀྱིས་སྐུལ་འདེད་གཏོང་ཞིང་། རྡོ་མཁར་རྫོང་འདི་ཉིད་སྔོན་ཚུད་དུ་སྐྱེ་སྟོབས་ཡང་བསྐྱར་བྱུང་དུ་འཇུག་དགོས།

ཧོང་དབྱི་ཡིས་ནན་གྱིས་གསུང་སྟེ། རིམ་པ་སོ་སོ་དང་སྡེ་ཁག་སོ་སོ་ཡིས་ནན་ཏན་གྱིས་ཐེངས་འདིའི་མེ་སྐྱོན་གྱི་བསླབ་བྱ་ལེན་པ་དང་། སེམས་ཁྲལ་དང་སྡུག་བསྔལ་གྱི་འདུ་ཤེས་མཐོ་རུ་གཏོང་བ། མེ་འགོག་སོགས་འབྲེལ་ཡོད་ཀྱི་བདེ་འཇགས་སྔོན་འགོག་བྱ་ཐབས་འཐུས་ཚང་དུ་བཏང་ནས། ནན་ཏན་གྱིས་ཁུལ་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་སའི་མེ་འགོག་བདེ་འཇགས་ལས་ཀ་ཡག་པོ་སྒྲུབ་དགོས།

ཞིང་ཆེན་ཏང་ཨུའི་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཀྲང་ཀུང་ཞང་། ཞིང་ཨུའི་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་དབྱང་ཀོང་ཧའེ། ཁུན་མིང་ཧྲི་ཨུའི་རྒྱུན་ཨུ་དང་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཞུང་རུན་ཚི་དང་བཅས་པས་ཞིབ་འཇུག་བྱེད་རོགས་གནང་བ་རེད།

བདེ་ཆེན་ཁུལ་ཏང་ཨུའི་རྒྱུན་ཨུ་དང་ཁུལ་ཨུའི་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ནོར་བུ་ཚེ་རིང་དང་།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུང་རེན་གཞོན་པ། ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུང་ཞི་ཁྲེན་ཅུན་མིང་སོགས་ཞིབ་འཇུག་ཏུ་ཞུགས་པ་མ་ཟད། ད་དུང་འབྲེལ་ཡོད་ལས་ཀའི་སྐོར་ལ་སྙན་སེང་ཞུས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག