མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཕྱོགས་གཅིག་ལ་དཀའ་ཁག་ཡོད་ཚེ་ཕྱོགས་ཡོངས་ཀྱིས་རོགས་སྐྱོར་བྱེད་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-01-22 11:04

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ་དང་པོའི་ཚེས19ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཐང་གྲོང་རྡལ་བྱང་སྒོ་གཞིས་ཁུལ་གྱི་སྡོད་དམངས་ཚོས་རོགས་དངུལ་བཀོལ་དེ་མེ་སྐྱོན་ལས་གནོད་འཚེ་ཐེབས་པའི་དུད་ཁྱིམ་ལ་འཚམས་འདྲི་བྱས་པ་དང་།  དེ་དག་གནོད་འཚེ་ཚབས་ཆེན་ཐོབ་མཁན་དང་གནོད་འཚེ་ཐེབས་མཁན། གཞིས་ཁུལ་གཞན་པའི་གནོད་འཚེ་ཚབས་ཆེན་ཐོབ་མཁན་བཅས་རིམ་པ་གསུམ་དུ་བགར་ནས།  སོ་སོ་དུད་ཁྱིམ་རེར་འཚམས་འདྲི་ལག་དངུལ་སྒོར1000དང་སྒོར200།  སྒོར750བཅས་བསྡོམས་པས་སྒོར་ཁྲི17800འགྲེམ་གཏོང་བྱས།  འཚམས་འདྲིའི་སྐད་ཆ་རེ་རེ་དང་།  བྱམས་བརྩེ་ལས་འཕྲོས་བའི་སྐུལ་འདེད་རེ་རེ་ཡིས་གནོད་ཐེབས་མང་ཚོགས་ལ་དྲོད་འཁོལ་སྦྱིན།

ཟླ་དང་པོའི་ཚེས20ཉིན།  སེམས་ཀྱི་ཉི་ཟླ་རྫོང་བཟོ་ཚོང་ཅུའུ་དང་།  སེམས་ཀྱི་ཉི་ཟླའི་སྒེར་བཙུགས་དཔལ་འབྱོར་མཐུན་ཚོགས་གཉིས་ཀྱིས་ཁོན་མིན་ཧོན་ཅིན་ཐེན་ཧྥུ་དཔལ་འབྱོར་བརྡ་འཕྲིན་བློ་འདྲི་ཚད་ཡོད་ཀུང་ཟིས་ཞལ་འདེབས་སུ་ཕུལ་བའི་དགུན་ལྭ228དང་།  གྱོན་ཆོས་རྙིང་པ་སོགས་བདེ་ཆེན་ཁུལ་རྒྱ་གྲམ་དམར་པོ་ཚོགས་པར་སྤྲད་པ་དང་ཁུལ“1.11”མེ་སྐྱོན་བཀོད་འདོམས་པུའུ་ཡིས་གཅིག་གྱུར་སྒོས་གནོད་ཐེབས་ཁེར་གཉེར་དཔལ་འབྱོར་དུད་ཁྱིམ་ལ་འགྲེམ་གཏོང་བྱས།
“1.11”རྡོ་མཁར་གནའ་རྫོང་དུ་མེ་སྐྱོན་བྱུང་རྗེས།  གནའ་མཁར་གྱི་ཁེར་གཉེར་དཔལ་འབྱོར་དུད་ཁྱིམ་ལ་གནོད་འཚེ་ཚབས་ཆེན་ཐེབས་པ་དང་།  སེམས་ཀྱི་ཉི་ཟླ་རྫོང་བཟོ་ཚོང་ཅུའུ་དང་སེམས་ཀྱི་ཉི་ཟླ་རྫོང་སྒེར་གཉེར་དཔལ་འབྱོར་མཐུན་ཚོགས་བཅས་ཀྱིས་འབོད་སྐུལ་བཏང་བ་བརྒྱུད།  བྱམས་ལྡན་ཁེ་ལས་དང་སྤྱི་ཚོགས་ལས་རིགས་སོ་སོས་རོགས་སྐྱོར་ཐོབ།  
 

 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག