མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་ཆུ་ཚད་མཐོར་འདེགས་བཏང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-21 10:59

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་འགར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་འབྲེལ་ཡོད་དམིགས་ཡུལ་ལ་བརྟེན་ནས་དམངས་ཡོངས་ཀྱིས་ལུས་སྦྱོང་བྱེད་པའི་ཨར་ལས་སྤེལ་ཞིང་། རིག་གནས་དང་ལུས་རྩལ་གྱི་གཞི་རྩའི་སྒྲིག་ཆས་འཛུགས་བསྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་ནས། ཁུལ་ཡོངས་སུ་མང་ཚོགས་ལུས་རྩལ་རྒྱ་ཆེར་སྤེལ་བ་དང་། རྩལ་འགྲན་ལུས་རྩལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་ནས། རང་ཁུལ་གྱི་རིག་གནས་དང་ལུས་རྩལ་འཕེལ་རྒྱས་ཕྱིན་པར་སྐུལ་འདེད་བཏང་བ་རེད།

2013ལོར། རང་ཁུལ་གྱིས་གྲོང་སྲིད་འཛིན་གྲོང་སྡེ་དང་གྲོང་མི་ཚོ་ཆུང་གི་སྤོ་ལོ་རྩེད་ར103་དང་། གློག་ལྡན་སྤོ་ལོ་རྩེད་ར5འཛུགས་བསྐྲུན་བྱས་པ། མིག་སྔར། ཨར་ལས་དེ60%བསྒྲུབ་ཚར། ཧུར་ཐག་གིས་ཞིང་ཆེན་ལུས་རྩལ་ཅུས་སུ“8.28”དང“8.31”ས་འགུལ་བྱུང་རྗེས་ཀྱི་བསྐྱར་བསྐྲུན་མ་དངུལ་བརྩོན་ལེན་བྱས་ནས། ཡར་ཞུ་བྱས་པའི་སྤོ་ལོ་རྩེད་ར90དང་། གློག་ལྡན་སྤོ་ལོ་རྩེད་ར5བསྐྲུན་རྒྱུའི་མ་དངུལ་སྒོར་ཁྲི500དེ་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་ཆོག་མཆན་སྤྲོད་ཚར། ཁུལ་ཡོངས་སུ་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་དམངས་ཡོངས་ཀྱིས་ལུས་སྦྱོང་བྱེད་པའི་བྱ་འགུལ་ཐེངས51སྤེལ་བ་རེད། བུད་མེད་མཉམ་འབྲེལ་མཐུན་ཚོགས་བཅས་ཀྱི་ལས་ཁུངས་ལ་རྒྱབ་སྐྱོར་བྱས་ནས་དམངས་ཡོངས་ཀྱིས་ལུས་སྦྱོང་བྱེད་པའི་བྱ་འགུལ་སྤེལ་བ། སློབ་གྲྭ་ཆེན་མོ་བའི་གྲོང་དཔོན་མི་90ལ་གསོ་སྦྱོང་བྱས་ནས་སྤྱི་ཚོགས་ཀྱི་ལུས་རྩལ་མཛུབ་སྟོན་པར་བསྐོས་པ་དང་། ཤང་དང་གྲོང་རྡལ་གྱི་རིག་གནས་ལུས་རྩལ་གྱི་ལས་ཀའི་ས་ཚིགས་དང་། གྲོང་པའི་རིག་གནས་བྱ་འགུལ་སྤེལ་ཡུལ་བཅས་ཀྱི་གཞི་རིམ་གྱི་ལུས་རྩལ་ལུས་སྦྱོང་རྩ་འཛུགས་བཙུགས་པ་རེད། རྒྱལ་དམངས་ཀྱི་གཟུགས་གཞིར་ཞིབ་བཤེར་ཚད་ལེན་བྱས་ནས། འབོར་གཉིས་སུ་བགོས་ནས་རྫོང་ཁག་གསུམ་དུ་གཟུགས་གཞིར་ཞིབ་བཤེར་ལས་ཀ་སྤེལ་བ། ཁྱོན་བསྡོམས་མ་དཔེ་2080ཞིབ་བཤེར་ཚད་ལེན་བྱས་ཡོད། ལུས་རྩལ་དྲིལ་བསྒྲགས་བྱེད་ཤུགས་ཇེ་ཆེར་བཏང་ཡོད་དེ་རྒྱང་བསྒྲགས་བརྙན་འཕྲིན་དང་ཚགས་པར་ཐོག་ཏུ་ལུས་རྩལ་བྱ་གཞག་གི་གྲུབ་འབྲས་དྲིལ་བསྒྲགས་བྱས། 2013ལོར་ཞིང་ཆེན་དང་ཁུལ་རིམ་པའི་ཚགས་པར་ཐོག་ཏུ་ཆེད་དོན་དྲིལ་བསྒྲགས་ཐེངས་གསུམ་སྤེལ་བ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག