མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས2014ལོའི་ལོ་སར་སྐབས་སུ་དམངས་ལ་དྲོད་འཁོལ་སྐྱེལ་བའི་བྱ་འགུལ་སྤེལ་འགོ་བརྩམས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-01-21 10:58

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ་དང་པོའི་ཚེས14ཉིན་གྱི་ཕྱི་དྲོར།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ།  བདེ་ཆེན་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་དབྱང་ཧྥིན་ཞེ་ཁུལ་སྨན་རྫས་ཀུང་ཟི་དུ་སོང་སྟེ་ལས་ཤོར་མི་སྣ་དང་ཡུས་མིན་ཚང་ལ་འཚམས་འདྲི་བྱས།  དེ་ལས་བདེ་ཆེན་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་དམངས་ལ་དྲོད་འཁོལ་སྐྱེལ་བའི་བྱ་འགུལ་སྤེལ་འགོ་བརྩམས་པར་མཚོན།

2014ལོའི་ལོ་སར་སྐབས་སུ་དམངས་ལ་དྲོད་འཁོལ་སྐྱེལ་བའི་བྱ་འགུལ་ལ་ཕན་འབྲས་ལེགས་པོ་ཐོབ་ཆེད།  བདེ་ཆེན་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས《2014ལོའི་ལོ་སར་སྐབས་ཀྱི་དྲོད་འཁོལ་སྐྱེལ་བའི་བྱ་བའི་ཇུས་གཞི》གཏན་འབེབས་བྱས་པ་དང་།  བྱ་བའི་སྤྱོད་ཚུལ་ལེགས་བཅོས་བྱེད་དགོས་པའི་བླང་བྱ་ལྟར།  དྲོད་འཁོལ་སྐྱེལ་བའི་བྱ་འགུལ་ཁྲོད་རླངས་འཁོར་མི་བཀོལ་བ་དང་གཅིག་གྱུར་སྒོས་དྲོད་འཁོལ་སྐྱེལ་བའི་མཛད་སྒོ་མི་བསྡུས་པ་བཅས་ཚན་ཆུང་གསུམ་བགོས་ནས་ཁེ་ལས་དཀའ་ཁག་ཅན་དང་། ལས་བཟོ་བ་དཀའ་ཁག་ཅན།  ངལ་རྩོལ་དཔེ་ལེགས་ཅན་སོགས་ཀྱི་ཁྲོད་དུ་དྲོད་འཁོལ་སྐྱེལ་བའི་བྱ་འགུལ་སྤེལ་བ་བརྒྱུད།  ཏང་དང་སྲིད་གཞུང་གི་དྲོད་འཁོལ་ཁོ་ཚོའི་དུད་ཁྱིམ་དུ་བསྐྱལ། 

མཚམས་སྦྱོར་ལྟར་ན།  བདེ་ཆེན་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས2014ལོའི་ལོ་སར་སྐབས་སུ་དྲོད་འཁོལ་སྐྱེལ་བའི་རོགས་དངུལ་སྒོར་ཁྲི70.76བཀོད་སྒྲིག་བྱས་ཡོད་ལ།  ལོ་སར་ལ་ཐོན་ལ་ཉེ་སྐབས་ལས་བཟོ་བ366དང་དཀའ་ཁག་ཡོད་པའི་ངལ་རྩོལ་དཔེ་ལེགས་ཅན11ལ་འཚམས་འདྲི་བྱེད་རྒྱུ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག