མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་དུག་གཅོད་པའི་ལས་ཀར་གྲུབ་འབྲས་ཡག་པོ་ཐོབ་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-21 10:58

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  2013ལོར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ལས་ཁུངས་ཀྱིས་དུག་གཅོད་པའི་ལས་ཀའི་གྲུབ་འབྲས་ཡག་པོ་ཐོབ།

ཤེས་གསལ་བྱུང་བ་ལྟར་ན། 2013ལོར། བདེ་ཆེན་ཁུལ་ཡོངས་སུ་ཁྱོན་བསྡོམས་དུག་རྫས་དང་འབྲེལ་བའི་ཉེས་དོན་གྱི་གྱོ ད་གཞི24ཐག་གཅོད་བྱས་པ་དང་། དུག་རྫས་དང་འབྲེལ་བའི་ཉེས་ཅན་མི་སྣ26འཛིན་བཟུང་བྱས་ཤིང་དུག་རྫས་སྤྱི་རྒྱ་12。94ཡར་བསྡུས་བྱས། དུག་རྫས་ཉོ་ཚོང་དྲ་བ8རྩ་མེད་བཏང་བ་དང་ཁུལ་ཡོངས་ཀྱི་དུག་རྫས་སྤྱོད་མཁན་མི175གཅོད་དུ་བཅུག་པས་2013ལོར་ཞིང་ཆེན་སྲིད་གཞུང་གིས་མར་སྤྲོད་བྱས་པའི་ལས་འགན་དག་ཚད་བརྒལ་གྱིས་སྒྲུབ་ཚར་བ་རེད། དུས་མཚུངས་སུ་རང་ཁུལ་གྱི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས། ལས་ཞུགས་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས། དུག་སྤྱོད་མི་སྣའི་ལས་ཞུགས་ལས་ཀ་ཡག་པོ་སྒྲུབ་ནས། ལས་ཞུགས་ཐག་གཅོད་བྱེད་ཚད81.35%ལ་ཟིན། དུག་སྤྱོད་མི་སྣར་འགུལ་སྐྱོད་ཀྱི་ལྟ་སྐུལ་ཚད་འཛིན་གྱི་ཕྱོགས་བསྡོམས་ཞིབ་དཔྱད་དེ་ཞིང་ཆེན་ཡོངས་ཀྱི་སྔ་གྲས་སུ་གནས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག