མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

《མར་མེ་ཚེ་འབར》ཞེས་པའི་མུག་སྐྱོབ་འོས་འཁྲབ་པེ་ཅིན་ནས་བསྡུས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-01-21 10:58

 
 
 

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ་དང་པོའི་ཚེས17ཉིན་གྱི་མཚན་མོར།  ཉི་ཟླའི་གླིང་ག་གནས་སྐོར་ཞབས་ཞུ་སྡེ་ཁག་གིས་གཙོ་སྒྲུབ་བྱས་ཤིང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྙིང་རྗེ་ཚོགས་པས་རོགས་སྒྲུབ་བྱས་པའི《མར་མེ་ཚེ་འབར་ཏེ་སེམས་ཀྱི་ཉི་ཟླ་རྗོང་རྡོ་མཁར་གནའ་རྫོང་གི་མུག་སྐྱོབ་འོས་འཁྲབ》པེ་ཅིན798ཟློས་གར་གླུང་དུ་བསྡུས།  གླུ་མ་གྲགས་ཅན་འཇམ་དབྱངས་སྒྲོལ་མ་དང་ཨ་ཅག་ཚན་སྡེབ།  སི་ཆིན་གུ་རི་ལི།  གླུ་བ་གྲགས་ཅན་སྐལ་བཟང་དོན་འགྲུབ་དང་མ་ཎི་རྡོ་བརྐོས་རོལ་ཚོགས། ལིས་ཝུས་ཀྲིན་སོགས་འོས་འཁྲབ་དགོང་ཚོགས་སྟེང་ཕེབས་ནས་གནའ་མཁར་གྱི་མེ་སྐྱོན་མྱུར་སྐྱོབ་དང་གནོད་ཕྱིའི་བསྐྱར་སྐྲུན་ལ་བྱམས་སེམས་ཕུལ་བ་དང་།  ཆེད་ཞུ་སྐུ་མགྲོན་སྤྲུལ་སྐུ་རྒྱ་མཚོས་ལྟད་མོ་བ་དང་ལྷན་དུ་གནའ་མཁར་གྱི་གནོད་ཐེབས་མང་ཚོགས་ལ་བཀྲ་ཤིས་སྨོན་འདུན་ཞུས།  འོས་འཁྲབ་ལས་ཐོབ་པའི་ཞལ་འདེབས་རོགས་དངུལ་ཡོངས་རྫོགས་བདེ་ཆེན་ཁུལ་སྙིང་རྗེ་ཚོགས་པས་བདག་གཉེར་བྱེད་རྒྱུ་ཡིན་པ་དང་།  གནའ་མཁར་དུད་ཁྱིམ་གྱི་གནོད་ཕྱིའི་བསྐྱར་སྐྲུན་ཐད་བཀོལ་རྒྱུ་ཡིན་པ་མ་ཟད།  ནམ་མཁའ་མྱུར་སྐྱོབ་རུ་ཁག་ལ་མངོགས་བཅོལ་བྱས་ཏེ་དངོས་ཟོག་ཉོ་སྒྲུབ་དང་སྐྱེལ་འདྲེན་བྱེད་རྒྱུ་རེད།  བདེ་ཆེན་ཁུལ་དམངས་སྲིད་ཅུའུ་དང་ཁུལ་སྙིང་རྗེ་ཚོགས་པའི་འཐུས་ཚབ་ཞལ་འདེབས་ཕུལ་བའི་དགོང་ཚོགས་སྟེང་ཞུགས་པ་དང་རོགས་དངུལ་དང་ལེན་བྱས།   །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག