མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་ཕྱོགས་ཡོངས་ནས་སློབ་གསོའི་དམངས་ཕན་ལས་གྲྭ་དོན་འཁྱོལ་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-20 11:12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2013ལོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་ནན་ཏན་གྱིས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་ལམ་ལུགས་དང་། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་འཚོ་བཅུད་ལེགས་སྒྲིག་བྱེད་པའི་འཆར་གཞི་དོན་འཁྱོལ་མཐར་ཕྱིན་བྱས་པ་དང་། ཧུར་ཐག་གིས་དབུལ་ཕོངས་སློབ་མ་ལ་རོགས་སྐྱོར་བྱེད་པའི་ལས་ཀ་ཡག་པོ་བསྒྲུབས་ནས། ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དུད་ཚང་མང་པོར་དོན་འཁྱོལ་བྱས་ཏེ། ནུས་པ་ཐོན་པའི་ངང་རྫོང་ཡོངས་ཀྱི་སློབ་གསོ་ཆ་སྙོམས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་གྲོན་དངུལ་གྱི་འགན་སྲུང་ལམ་ལུགས་དོན་དུ་འཁྱོལ་བར་ཁག་ཐེག་བྱས། 2013ལོའི་དཔྱིད་ཀར་རྫོང་འདི་ལ་མཐོ་སྒང་ཞིང་འབྲོག་པའི་འཚོ་བའི་ཁ་གསབ་རོགས་དངུལ་ལོངས་སུ་སྤྱོད་པའི་སློབ་འབྲིང་དང་སློབ་ཆུང་གི་སློབ་མ་ཁྱོན་བསྡོམས14310ཡོད་དེ། ཁྱོན་བསྡོམས་མ་དངུལ་སྒོར་ཁྲི1759.04འོག་རིམ་ལ་སྤྲད་པ། སྟོན་ཀར་རྫོང་འདི་ལ་མཐོ་སྒང་གི་ཞིང་འབྲོག་པའི་ཁ་གསབ་རོགས་དངུལ་ལོངས་སུ་སྤྱོད་པའི་སློབ་མ14087ཡོད་དེ། ཁ་གསབ་རོགས་དངུལ་ཁྱོན་བསྡོམས་སྒོར་ཁྲི1731.44 སྤྲད་པ། ལོ་ཡོངས་སུ་འོག་རིམ་ལ་ཁ་གསབ་རོགས་དངུལ་སྒོར་ཁྲི3490.81སྤྲད་པ་རེད།

2013ལོར། སེམས་ཀྱི་ཉི་ཟླ་རྫོང་གིས་ཕྱོགས་ཡོངས་ནས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་འཚོ་བཅུད་ལེགས་སྒྲིག་བྱེད་པའི་འཆར་གཞི་དོན་འཁྱོལ་མཐར་ཕྱིན་བྱས་པ། ན་ནིང་རྫོང་འདི་ལ་འཚོ་བཅུད་ཀྱི་ཁ་གསབ་རོགས་དངུལ་ལོངས་སུ་སྤྱོད་པའི་སློབ་མ14146ཡོད།

སློབ་གྲྭ་ཆེན་མོའི་སློབ་མ་ལ་རོགས་རམ་བྱེད་པ་དང་དངུལ་བུན་གཏོང་བའི་ལས་ཀ་ཡག་པོ་བསྒྲུབས་པ། 2013ལོར། སེམས་ཀྱི་ཉི་ཟླ་རྫོང་གིས་དངོས་གཞིའི་ཚན་ཁག་འབོར་ཐེངས་དང་པོའི་སློབ་མ75ལ་རོགས་རམ་བྱས་ནས། སློབ་མ་རེ་ལ་སྒོར2000སྤྲད་དེ། ཁྱོན་བསྡོམས་སྒོར150000སྤྲད་པ། དངོས་གཞིའི་ཚན་ཁག་འབོར་ཐེངས་གཉིས་པའི་སློབ་མ150ལ་རོགས་རམ་བྱས་ཏེ། སློབ་མ་རེ་ལ་སྒོར1000སྤྲད་ཅིང་། ཁྱོན་བསྡོམས་སྒོར150000སྤྲད་པ། སློབ་གྲྭ་ཆེན་པོའི་སློབ་མ439དངུལ་བུན་སྒོར་ཁྲི252.129བཏང་བ་རེད།

ཚབ་ཁྲིད་དགེ་རྒན་དང་སྔོན་མའི་དམངས་བཙུགས་དགེ་རྒན་གྱི་ཐོབ་ཐང་དང་སློབ་ཁྲིད་བྱེད་ལོ། ཁ་གསབ་རོགས་དངུལ་སྤྲད་པ་བཅས་དངོས་སུ་ཁས་ལེན་པའི་ལས་ཀ་ལེགས་འགྲུབ་བྱུང་བ། ཚབ་ཁྲིད་དགེ་རྒན་གྱི་ཐོབ་ཐང་དང་སློབ་ཁྲིད་བྱེད་ལོ་མི391དངོས་སུ་ཁས་ལེན་བྱས་པ་དང་། སྔོན་མའི་དམངས་བཙུགས་དགེ་རྒན་གྱི་ཐོབ་ཐང་དང་སློབ་ཁྲིད་བྱེད་ལོ་མི323དངོས་སུ་ཁས་ལེན་བྱས་ཏེ། ཁྱོན་བསྡོམས་མི714ཟིན་པ། ཚབ་ཁྲིད་དགེ་རྒན་ལ་ཁ་གསབ་རོགས་དངུལ་ཁྱོན་བསྡོམས་སྒོར1216229སྤྲད་པ་དང་། སྔོན་མའི་དམངས་བཙུགས་དགེ་རྒན་ལ་ཁ་གསབ་རོགས་དངུལ་ཁྱོན་བསྡོམས་སྒོར2309419སྤྲད་པ་རེད།

རྒྱུན་མཐུད་ཀྱིས་ཡིག་རྨོངས་སེལ་བའི་ལས་ཀ་ཡག་པོ་བསྒྲུབས་པ། 2013ལོར། རྫོང་འདིས་གཞོན་ནུ་དང་དར་མའི་ཡིག་རྨོངས་བ་མི18སེལ་བ། ཡིག་རྨོངས་བ་ལྷག་མའི་མི་གྲངས127ནས109རུ་ཉུང་བ། ཡིག་རྨོངས་ཐར་རྗེས་མཐོ་འདེགས་གཏོང་བའི་འཛིན་གྲྭ་ཁྱོན་བསྡོམས5སྒྲིག་འཛུགས་བྱས་ནས། མི་གྲངས350ལ་གསོ་སྦྱོང་བྱས་པ།ཞིང་ལས་ལག་རྩལ་གྱི་གསོ་སྦྱོང་དང་གྲོང་གསེབ་ཀྱི་ངལ་རྩོལ་པ་སྤོ་སྒྱུར་འཛིན་གྲྭ10སྒྲིག་འཛུགས་བྱས་ནས། མི་གྲངས3953ལ་གསོ་སྦྱོང་བྱས་པ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག