མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་དཀའ་ངལ་ཡོད་པའི་ཏང་ཡོན་ལ་འཚམས་འདྲི་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-20 11:12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ནན་ཏན་གྱིས་ཀྲུང་དབྱང་གི་འབྲེལ་ཡོད་དགོངས་དོན་དོན་འཁྱོལ་བྱས་ནས། ཏང་རྩ་འཛུགས་ཀྱིས་ཏང་ཡོན་རྒན་པ་དང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་ལ་སེམས་ཁུར་བྱེད་པ་མཚོན་ཆེད། ལོ་གསར་གྱི་སྔོན་དུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྔ་མོ་ནས་བཀོད་སྒྲིག་དང་བྱ་ཐབས་འཐེན་པ། འགན་འཁྲི་ཇེ་དྲག་ཏུ་བཏང་ནས། ཏན་ཏིག་གིས་ཏང་ཡོན་རྒན་པ་དང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་ལ་འཚམས་འདྲི་བྱེད་པའི་ལས་ཀ་སྒྲུབ་པ་རེད།

འགོ་ཁྲིད་ལ་ཤུགས་བསྣན་ཏེ། སྔ་ས་ནས་བཀོད་སྒྲིག་བྱས་པ། འཚམས་འདྲིའི་ལས་ཀ་ལེགས་པར་སྒྲུབ་ཆེད། ཁུལ་ཐད་གཏོགས་བཟོ་ཚོགས་ཨུ་ལྷན་གྱིས་སྐབས་ཐོག་ཏུ་ལས་ཀའི་ཇུས་འགོད་བཟོས་ཤིང་། གྲོས་ཚོགས་འཚོགས་ནས་ཆེད་དུ་བཀོད་སྒྲིག་བྱས་ཏེ། དཀའ་ངལ་ཡོད་པའི་ཏང་ཡོན་ལ་འཚམས་འདྲི་བྱེད་པའི་ལས་ཀ་སྔ་མོ་ནས་བཀོད་སྒྲིག་དང་སྔ་མོ་དོན་འཁྱོལ་བྱས་པ་རེད།

གནས་ཚུལ་དངོས་དང་བསྟུན་ནས་འཚམས་འདྲི་བྱ་ཡུལ་ཡང་དག་པར་གཏན་འཁེལ་བྱས་པ། ལས་ཁུངས་ཁག་གི་ཏང་རྩ་འཛུགས་ཀྱིས་བསམ་བློའི་ངོས་འཛིན་མཐོར་འདེགས་དང་། མགྱོ གས་མྱུར་གྱིས་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་ནས། སྐབས་ཐོག་ཏུ་ཡར་ཞུ་ལས་ཁུངས་སོ་སོའི་དཀའ་ངལ་ཡོད་པའི་ཏང་ཡོན་གྱི་གནས་ཚུལ་འཚོལ་བསྡུ་བྱས་པ་དང་། ལས་དོན་ཨུ་ཡོན་ལྷན་ཁང་གིས་རྩིས་བཤེར་བྱས་པའི་རྨང་གཞིའི་ཐོག་བཟོ་ཚོགས་ཨུ་ལྷན་ལ་སྤྲད་ནས་འཚམས་འདྲི་བྱ་ཡུལ་དང་འཚམས་འདྲིའི་མ་དངུལ་ཞིབ་བསྡུར་བྱས་ནས། འཚམས་འདྲི་བྱ་ཡུལ་སྟེ་དཀའ་ངལ་ཡོད་པའི་ཏང་ཡོན23གཏན་འཁེལ་བྱས་པ་རེད། ནན་ཏན་གྱིས་འཚམས་འདྲིའི་ཚད་གཞི་དྲང་བདེན་ཡིན་པ་དང་། འཚམས་འདྲིའི་མ་དངུལ་གྱི་བཀོལ་ཡུལ་མི་བསྒྱུར་བར་ལག་བསྟར་བྱས་ནས། འཚམས་འདྲིའི་ལས་ཀར་དངོས་ཕན་ཐོབ་པར་འགན་སྲུང་བྱས་པ་རེད།

འགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་འཚམས་འདྲིའི་མཇུག་འབྲས་དྲང་བདེན་ཅན་ཏུ་བཏང་བ། འགོ་ཁྲིད་རྣམ་པས་སྣེ་ཁྲིད་ནས་ཏང་ཡོན་རྒན་པ་དང་དཀའ་ངལ་ཡོད་པའི་ཏང་ཡོན་གྱི་ཁྱིམ་དུ་སོང་ནས་འཚམས་འདྲི་བྱས་ནས། ཏང་ཡོན་རྒན་པ་དང་དཀའ་ངལ་ཡོད་པའི་ཏང་ཡོན་གྱི་འཚོ་བའི་གནས་ཚུལ་དང་། དཔལ་འབྱོར་གྱི་ཡོངས་ཁུངས། དཀའ་ངལ་གྱི་གནས་ཚུལ་དངོས་ལ་ཞིབ་ཕྲའི་རྒྱུས་ལོན་བྱས་པ་མ་ཟད། ཁོ་ཚོ་ལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐུགས་ཁུར་དང་འཕྲེང་ཞེན་བརྒྱུད་བསྒྲགས་བྱས་ཏེ། ཁོ་ཚོ་དངོས་ཐོག་གིས་ཏང་དང་སྲིད་གཞུང་གིས་མང་ཚོགས་ལ་བཅང་བའི་བརྩེ་སེམས་དང་དྲོད་སྣང་མྱངས་སུ་མྱོང་དུ་བཅུག་པ་རེད། མིག་སྔའི་བར་དུ། ལས་དོན་ཨུ་ཡོན་ལྷན་ཁང་གིས་ཏང་ཡོན23ལ་འཚམས་འདྲི་བྱས་ཚར་བ་དང་། འཚམས་འདྲིའི་མ་དངུལ་སྒོར་ཁྲི1.6སྤྲད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག