མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གི་རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་ཚལ་གྱི་གསབ་དངུལ་མཐོར་འདེགས་བཏང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-01-20 11:12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི2013ལོའི་རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་ཚལ་གྱི་གསབ་དངུལ་ཚད་གཞི་དེ་མུའུ་རེར་སྒོར10ནས་སྒོར14.9ལ་འཕར་བ། ཡར་འཕར་བའི་མ་དངུལ་ཚང་མ་ནགས་དབང་འཛིན་མཁན་ལ་གསབ་དངུལ་དུ་སྤྲོད་རྒྱུ་རེད།

ཉེ་ཆར། སེམས་ཀྱི་ཉི་ཟླ་རྫོང་ནོར་སྲིད་ཅུས་དང་ནགས་ལས་ཅུས་ཀྱིས་མཉམ་དུ་ཡིག་ཆ་བཀྲམས་ཏེ། ཡར་འཕར་མ་དངུལ་དག་ཤང་དང་གྲོང་རྡལ་སོ་སོར་བཀྲམ་བའི་དུས་མཚུངས་སུ། ཤང་དང་གྲོང་རྡལ་སོ་སོའི་ནོར་སྲིད་སུའོ་དང་། ནགས་ལས་ས་ཚིགས་ཀྱིས་གསབ་དངུལ་དག་སྤྱི་བསྒྲགས་བྱས་ནས། 2014ལོའི་ཟླ6པའི་ཚེས30ཉིན་གྱི་སྔ་རོལ་དུ་གསབ་དངུལ་དག་ནགས་དབང་འཛིན་མཁན་གྱི་ཆེད་སྤྱོད་ཐོ་ཁུངས་སུ་བཞག་ཚར།

2013ལོར། སེམས་ཀྱི་ཉི་ཟླ་རྫོང་གིས་གསབ་རོགས་བྱེད་ཡུལ་དུ་འཇོག་པའི་ཐུན་མོང་དང་མི་སྒེར་ལ་དབང་བའི་རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་ཚལ་གྱི་རྒྱ་ཁྱོན་ནི་མུའུ3571800ཡོད། མུའུ་རེར་སྒོར4.9ཡར་སྣོན་བྱས་ནས་གསབ་དངུལ་སྒོར17501820ལ་ཟིན། རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་ཚལ་གྱི་གསབ་སྣོན་རྒྱ་ཁྱོན་ལྟར་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་སྡེ63དང་གྲོང་མི་ཚོ་ཆུང548 དུད་ཁ20578་དང་མི95030ལ་རྩིས་ནས། རྒྱལ་ཁབ་སྤྱི་ཕན་ནགས་ཚལ་གྱི་གསབ་སྣོན་མ་དངུལ་ཁྲོད་མི་རེར་སྒོར 184.17ཡར་འཕར་བྱུང་ཡོད། དུད་ཁ་རེར་སྒོར850.51ཡར་འཕར་བྱུང་ཡོད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག